ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1124151242_15508261821001n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུང་གོའི་སྣེ་ཁྲིད་པ་ཧན་ཀྲིན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་དང་དབུ་བཞུགས་བློན་ཆེན་གཞོན་པ། རྒྱལ་སྲུང་བློན་ཆེན། ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་སྣེ་ཁྲིད་པ་མུའུ་ཧན་མོ་ཏི་ལ་མཇལ་འཕྲད་གནང་བར་མ་ཟད། མཉམ་དུ་ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་འགོ་མཛིན་མཛད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ། ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་ཀྲུང་གོའི་སྣེ་ཁྲིད་པ་ཧན་ཀྲིན་གྱིས་ཟླ་གཉིས་པའི་ཚེས་ཉེར་གཉིས་ཉིན་མི་དམངས་ཚོགས་ཁང་ཆེན་མོའི་ནང་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་དང་དབུ་བཞུགས་བློན་ཆེན་གཞོན་པ། རྒྱལ་སྲུང་བློན་ཆེན། ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་སྣེ་ཁྲིད་པ་མུའུ་ཧན་མོ་ཏི་ལ་མཇལ་འཕྲད་གནང་བར་མ་ཟད། མཉམ་དུ་ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པར་འགོ་འཛིན་མཛད།

1124151242_15508261928721n.jpg

ཧན་ཀྲིན་གྱིས་བསྟན་དོན། ཉེ་བའི་ལོ་འགའི་རིང་ལ། ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་འབྲེལ་བ་མགྱོགས་མྱུར་སྒོས་འཕེལ་རྒྱས་སུ་སོང་བ་དང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཕན་ཚུན་ལ་འཚམས་འདྲི་མཛད་པ་མ་ཟད། ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་བར་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་དང་། དངོས་གཉེར་མཉམ་ལས་བརྟན་བརླིང་ངང་སྤེལ། ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་ནི་རྒྱལ་ཁབ་གཉིས་ཀྱི་སྲིད་གཞུང་བར་གྱི་ཁྱོན་ཡོངས་དང་རིམ་པ་མཐོ་བ་དང་། རྐྱེན་སྲོལ་ཅན་གྱི་མཉམ་ལས་སྟེགས་བུ་ཡིན་ལ། གཅིག་གྱུར་མཐུན་སྦྱོར་གྱི་ནུས་པ་གལ་ཆེན་འདོན་སྤེལ་བྱས། ཐེངས་སྔོན་མའི་གྲོས་ཚོགས་གྲོལ་ཚུན་ནས། ཕྱོགས་གཉིས་ཀྱིས་བརྗེ་རེས་མཉམ་ལས་ཇེ་ཟབ་ཏུ་བཏང་བ་དང་། རྐྱེན་སྲོལ་འཛུགས་སྐྲུན་སྔར་ལས་འཐུས་ཚང་དུ་བཏང་ལ། ཁྱབ་ཁོངས་སོ་སོའི་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས་ཟེར།

ཧན་ཀྲིན་གྱིས་ཀྲུང་གོ་དང་སོ་ཏི་ཨ་རབ་རྒྱལ་ཁབ་བར་གྱི་མཉམ་ལས་ཁྱབ་ཁོངས་གཙོ་བོ་དང་སྔོན་འགྲོའི་ལས་གཞི་ཐད་ནས་གྲོས་གཞི་བཏོན། གཅིག་ནས་ཆབ་སྲིད་ཡིད་རྟོན་གཏིང་ཟབ་ཏུ་གཏོང་བ་དང་། སྲོག་ཤིང་ཁེ་ཕན་ཐད་ནས་ཕན་ཚུན་ལ་རྒྱབ་སྐྱོར་བྱས་ནས། ཕྱོགས་མང་ལས་དོན་ཁྲོད་ཀྱི་བརྗེ་རེས་མཐུན་སྦྱོར་ལ་ཤུགས་སྣོན་དགོས། གཉིས་ནས་རྒྱུད་གཅིག་ལམ་གཅིག་གྲོས་གཞི་དང2030ལོའི་རེ་བའི་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། ནུས་ཁུངས་དང་རྨང་གཞི་སྒྲིག་ཆས་འཛུགས་སྐྲུན། ནོར་སྲིད་དངུལ་རྩ། ཚན་རྩལ་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། གསུམ་ནས་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པ་དང་ཁྲིམས་འཛིན་བདེ་འཇགས་མཉམ་ལས་སྤེལ་བ་དང་། ཐལ་སྤྱོད་མེད་པར་བཟོ་བའི་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་དགོས། བཞི་ནས་མི་གཞུང་བརྗེ་རེས་དམ་ཟབ་ཏུ་གཏོང་བ་དང་། མི་དམངས་བར་གྱི་མཛའ་བརྩེ་ཇེ་ཟབ་ཏུ་གཏོང་དགོས་ཟེར།

མུའུ་ཧན་མོ་ཏི་ཡིས་བསྟན་དོན། སོ་ཏི་ཨ་རབ་རྒྱལ་ཁབ་ཀྱིས་སོ་ཏི་ཨ་རབ་དང་ཀྲུང་གོའི་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱེད་པ། ཀྲུང་གོ་ཕྱོགས་ཀྱིས་རྒྱལ་ཁབ་ཀྱི་བདག་དབང་དང་བདེ་འཇགས། གཏན་འཇགས་ལ་སྲུང་སྐྱོབ་བྱེད་པར་རྒྱབ་སྐྱོར་བྱེད་པ། ཕྱི་ཕྱོགས་ཀྱི་སྟོབས་ཤུགས་ཀྱིས་ཀྲུང་གོའི་ནང་སྲིད་ལ་ཐེ་གཏོགས་བྱེད་པར་ངོ་རྒོལ་བྱེད་ཀྱིན་ཡོད། ཕྱོགས་གཉིས་ཀྱིས་ཕྱོགས་མང་ལས་དོན་ཁྲོད་ཀྱི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་བསྣན་ནས། ཐུན་མོང་གི་ཁེ་ཕན་ལ་སྲུང་སྐྱོབ་བཟང་བོ་བྱེད་འདོད་ཡོད། སོ་ཏི་ཨ་རབ་དང་ཀྲུང་གོའི་མཐོ་རིམ་མཉམ་འབྲེལ་ཨུ་ཡོན་ལྷན་ཁང་གིས་ཕྱོགས་གཉིས་ཀྱི་འབྲེལ་བ་དང་དངོས་གཉེར་མཉམ་ལས་ལ་སྐུལ་འདེད་བཏང་། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཕྱོགས་གཉིས་ཀྱི་འཕེལ་རྒྱས་འཐབ་ཇུས་ཀྱི་སྦྲེལ་མཐུད་ལ་ཤུགས་སྣོན་པ་དང་། རྒྱུད་གཅིག་ལམ་གཅིག་མཉམ་འཛུགས་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་ནས། རྒྱལ་ཁབ་གཉིས་དང་རྒྱལ་ཁབ་གཉིས་ཀྱི་མི་དམངས་ལ་བདེ་སྐྱིད་བསྐྲུན་འདོད་ཡོད་ཟེར།

གྲོས་ཚོགས་རྗེས་སུ། ཧན་ཀྲིན་དང་མུའུ་ཧན་མོ་ཏི་གཉིས་ཀྱིས་མཐོ་རིམ་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ཟིན་བྲིས་གནད་བསྡུས་སྟེང་མིང་བཀོད་པ་མ་ཟད། མཉམ་དུ་ཆབ་སྲིད་དང་མཚོ་ཐོག་སྐྱེལ་འདྲེན། ཐོན་ནུས། ནུས་ཁུངས། དངུལ་རྩ་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཡིག་ཆ་བཀོད་པར་བདེ་དཔང་བྱས། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།