ཀྲུང་གོ་བོད་ཀྱི་དྲ་བ།

ཞིང་ལས་དང་གྲོང་གསེབ་པུའུ་ཡིས2019ལོའི“ཤང་བརྒྱ་དང་དུད་ཚང་ཁྲིར་བརྟག་དཔྱད”བྱེད་འགོ་བཙུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-02-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས20ཉིན་ཞིང་ལས་དང་གྲོང་གསེབ་པུའུ་ཡིས2019ལོའི“ཤང་བརྒྱ་དང་དུད་ཚང་ཁྲིར་བརྟག་དཔྱད”ཀྱི་བྱེད་སྒོ་སྤེལ་འགོ་བཙུགས་ཤིང་། ལས་བྱེད་པ80སྐོང་འཐེན་བྱས་ཏེ་བརྟག་ཞིབ་ཚོགས་ཆུང20བཟོས་ནས་དབུས་ནུབ་རྒྱུད་ཀྱི་ཞིང་ཆེན20ཡི་རྒྱལ་ཁབ་ཀྱི་དབུལ་སྐྱོར་གསར་སྤེལ་གཙོ་གནད་རྫོང་དང་གཅིག་སྡུད་ཡུག་འབྲེལ་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་དང་རྫོང་དུ་བསྐྱོད་དེ་ཁྱིམ་བཅར་བརྟག་དཔྱད་ཉིན20བྱ་རྒྱུ་རེད།

ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་ཡུས་ཤིན་རུང་གིས་འདི་ལོ་ནི་གྲོང་གསེབ་དར་རྒྱས་འཐབ་ཇུས་ཕྱོགས་ཡོངས་ནས་སྤེལ་བ་དང་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བའི་ལོ་ཞིག་ཡིན་ལ། དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ཕུ་ཐག་གཅོད་པའི་འགག་རྩའི་ལོ་ཞིག་ཀྱང་ཡིན། “ཤང་བརྒྱ་དང་དུད་ཚང་ཁྲིར་བརྟག་དཔྱད”ཀྱི་བྱེད་སྒོ་གཙོ་བོ་དབུལ་སྒྲོལ་འགག་སྒྲོལ་དང་ལྷག་དོན་དུ་ཐོན་ལས་དབུལ་སྐྱོར་དང་། དཔྱིད་དུས་ཞིང་ནང་བདག་སྐྱོང་། དཔྱིད་རྨོད་དཔྱིད་གྲབས་བཅས་བརྗོད་དོན་གཙོ་བོ་གཉིས་ལ་དམིགས་ནས་སྤེལ་དགོས་ཞེས་བརྗོད་པ་རེད།

ཁོང་གིས་རྫོང་དབུལ་པོ་དང་། གྲོང་ཚོ་དབུལ་པོ། མང་ཚོགས་དབུལ་པོ་བཅས་ཀྱི་ཁྲོད་དུ་བསྐྱོད་དེ་སྲིད་ཇུས་དོན་འཁྱོལ་གྱི་གནས་ཚུལ་ཤེས་རྟོགས་བྱེད་པ་དང་། འགག་རྩའི་གནད་དོན་ཤེས་ཐུབ་པ། རྩོད་སྒྲུབ་དབྱེ་ཞིབ་དང་བསམ་གཞིག་བྱེད་པ། དམིགས་སའི་རང་བཞིན་གྱི་བསམ་འཆར་དང་གྲོས་འགོ་འདོན་པ་བཅས་བྱེད་དགོས། གཞན་ཡང་སྲིད་ཇུས་དང་ལག་རྩལ་གྱི་ལེགས་ཆ་གང་ལེགས་སྤྱད་དེ་དཔྱིད་དུས་ཞིང་ནང་བདག་སྐྱོང་དང་དཔྱིད་རྨོད་དཔྱིད་གྲབས་ལས་དོན་ཁྲོད་ལྷག་པའི་གནད་དོན་མངོན་གསལ་དོད་པོ་དུས་ཐོག་ཏུ་ཤེས་རྟོགས་བྱས་ཐོག་ས་ཁུལ་གྱིས་ནུས་ཤུགས་ཡོད་རྒུས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱ་རྒྱུར་ལྟ་སྐུལ་བྱས་ནས་དབྱར་འབྲུ་དང་ལོ་ཧྲིལ་པོའི་ཞིང་ལས་ལོ་ལེགས་ཡོང་རྒྱུར་རང་འགུལ་དབང་ཆ་ཐོབ་པ་བྱེད་དགོས་ཞེས་བརྗོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།