ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཟླ་གཉིས་པའི་ཚེས་ཉི་ཤུ་ཉིན་འགོ་འཛིན་མཛད་དེ། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཤིང་། ཚོགས་ཐོག་ནས་ཁེ་ལས་དང་འབྲེལ་བའི་ཁྲིམས་སྲོལ་སྒྲིག་སྲོལ་དང་ཚད་ལྡན་ཅན་གྱི་ཡིག་ཆ་གཏན་འབེབས་བཟོ་བར། ངེས་པར་དུ་འབྲེལ་ཡོད་ཁེ་ལས་དང་ལས་རིགས་མཐུན་ཚོགས་དང་ཚོང་ཚོགས་ཀྱི་བསམ་འཆར་ལ་ཉན་དགོས་ལ། སྲིད་གཞུང་གི་ཇུས་ཆོད་དངོས་ཡོད་དང་དམངས་ཀྱི་འདོད་བློ་དང་ཆ་ཡོངས་ནས་འཚམ་པོ་ཡོང་བར་བྱེད་དགོས། སྲིད་འཛིན་གྱི་ཆོག་མཆན་ཐོབ་དགོས་པའི་ལས་རིམ་སྐོར་ཞིག་ཡང་བསྐྱར་མེད་པར་གཏོང་བ་དང་། རྒྱལ་ཡོངས་སུ་བཟོ་སྐྲུན་འཛུགས་སྐྲུན་གྱི་ལས་གཞི་གཉེར་བའི་འདྲི་རྩད་ལམ་ལུགས་བཅོས་སྒྱུར་བྱ་བ་ཁྱབ་ཆེ་བའི་སྒོ་ནས་སྤེལ་བ། ཁྱིམ་སྲིད་ཞབས་ཞུའི་མཁོ་འདོན་ལ་བཀོད་སྒྲིག་དང་སྤུས་ཚད་མཐོ་བའི་བྱེད་ཐབས་མཐོར་འདེགས་སུ་གཏོང་བར་འབད་དེ། ནང་གི་དགོས་མཁོ་སྐོང་བའི་རྒྱ་ཆེ་རུ་བསྐྱེད་ནས་དམངས་ཚིས་ལ་ཕན་བདེ་བསྐྲུན་དགོས་པའི་བླང་བྱ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།