ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ལས་ཞིང་སྡེ་ཐོག་མར་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཞིང་གསུམ་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བསམ་འཆར་འགའ་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་ཞིང་ལས་ཞིང་སྡེ་ཐོག་མར་འཕེལ་རྒྱས་སུ་གཏོང་རྒྱུ་རྒྱུན་འཁྱོངས་བྱས་ཏེ་ཞིང་གསུམ་བྱ་བ་བཟང་བོར་སྒྲུབ་པའི་སྐོར་གྱི་བསམ་འཆར་འགའ་འགྲེམ་སྤེལ་བྱས། བསམ་འཆར་ལས་བསྟན་དོན། ད་ལོ་དང་སང་ལོ་གཉིས་ནི་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པར་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པའི་དུས་སྐབས་ཡིན་པས་ཞིང་གསུམ་ཁྱབ་ཁོངས་སུ་ངེས་པར་དུ་ཡོངས་འགྲུབ་བྱེད་པའི་ལས་འགན་མི་ཉུང་བ་ཞིག་ཡོད། ཏང་ཀྲུང་དབྱང་གིས་བལྟས་ན། དཔལ་འབྱོར་ཉམས་ཞན་དུ་འགྲོ་བའི་གནོན་ཤུགས་ཇེ་ཆེར་འགྲོ་བ་དང་ཕྱི་ཕྱོགས་ཁོར་ཡུག་ལ་འགྱུར་ལྡོག་ཆེན་པོ་འབྱུང་བའི་རྙོག་འཛིང་ཆེ་བའི་གནས་བབ་འོག་ཏུ་ཞིང་གསུམ་བྱ་བ་བཟང་བོར་སྒྲུབ་པར་དམིགས་བསལ་གྱི་དོན་སྙིང་རང་བཞིན་ལྡན་པས་ངེས་པར་དུ་ཞིང་གསུམ་གནད་དོན་ཐག་གཅོད་བཟང་བོ་བྱེད་པ་རྒྱུན་འཁྱོངས་བྱེད་རྒྱུ་དེ་ཏང་ཡོངས་ཀྱི་བྱ་བའི་གཙོ་གནད་དུ་འཇོག་པར་འགྱུར་བ་མེད་པར་སྙམ།

བསམ་འཆར་ལས་བསྟན་དོན། སྟོབས་ཤུགས་གཅིག་བསྡུས་སྒོས་གནད་ཕིགས་སྲིད་ཇུས་ལག་བསྟར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ཐད་ནས་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་དགོས་ལ། དབུལ་ཐར་མཁྲེགས་གཏོར་ལས་འགན་དང་དམིགས་འབེན་ཇི་མ་ཇི་བཞིན་དུ་ཡོངས་འགྲུབ་བྱེད་པ་དང་གཏན་འཁེལ་བྱས་པའི་སྲིད་ཇུས་དང་བཀོད་སྒྲིག་དངོས་འབེབས་བཟང་བོ་བྱས་ཏེ། ཉིས་སྟོང་ཉི་ཤུ་ལོའི་བར་དུ་ད་ལྟ་ལག་བསྟར་བྱེད་པའི་ཚད་གཞིའི་འོག་ཏུ་ཞིང་སྡེའི་དབུལ་ཕོངས་མི་གྲངས་དབུལ་ཐར་བྱེད་པ་དང་དབུལ་ཕོངས་རྫོང་ཚང་མ་དབུལ་ཕོངས་ལས་ཐར་བར་བྱེད་པ། ཁུལ་ཁོངས་རང་བཞིན་གྱི་སྤྱིའི་དཀའ་ཁག་ཐག་གཅོད་བྱེད་རྒྱུར་འགན་སྲུང་བྱེད་དགོས། ཞིང་ལས་རྨང་གཞི་སྲ་བརྟན་དུ་བཏང་ནས་ཞིང་ཐོན་དངོས་རྫས་གཙོ་བོ་ནུས་ལྡན་སྒོས་འདོན་སྤྲོད་བྱེད་པར་འགན་སྲུང་བྱེད་དགོས། ཞང་སྡེ་མྱུར་དུ་འཛུགས་སྐྲུན་བྱས་ཏེ་ཞིང་སྡེའི་མི་སྡོད་ཁོར་ཡུག་དང་སྤྱི་ཐུན་ཞབས་ཕྱིའི་ཞན་ཆ་མྱུར་དུ་ཁ་གསབ་བྱེད་དགོས། ཞང་སྡེ་ཐོན་ལས་འཕེལ་རྒྱས་སུ་བཏང་ནས་ཞིང་བའི་ཡོང་སྒོ་འཕར་བའི་ཐབས་ལམ་རྒྱ་བསྐྱེད་དགོས། ཞིང་སྡེའི་བཅོས་སྒྱུར་ཁྱོན་ཡོངས་ནས་ཟབ་སྤེལ་བྱས་ཏེ་ཞང་སྡེའི་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་ཆེར་གཏོང་དགོས། ཞང་སྡེ་བཅོས་སྐྱོང་རྐྱེན་སྲོལ་འཐུས་ཚང་དུ་བཏང་ནས་ཞིང་སྡེའི་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་ཡོང་བར་འགན་སྲུང་བྱེད་དགོས། ཞིང་སྡེ་ཏང་ཀྲི་པུའུ་ཡི་འཐབ་འཛིང་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ་ཞིང་སྡེ་གཞི་རིམ་རྩ་འཛུགས་འཛུགས་སྐྲུན་ལ་ཁྱོན་ཡོངས་ནས་ཤུགས་སྣོན་དགོས། ཏང་གིས་ཞིང་གསུམ་བྱ་བར་འགོ་ཁྲིད་པར་ཤུགས་སྣོན་པ་དང་། ཞིང་ལས་ཞིང་སྡེ་ཐོག་མར་འཕེལ་རྒྱས་སུ་གཏོང་བའི་སྤྱིའི་བྱེད་ཕྱོགས་དངོས་འབེབས་བཟང་བོ་བྱེད་པ་དང་ཞིང་བའི་གཙོ་གཞིའི་ནུས་པ་འདོན་སྤེལ་བཟང་བོ་བྱས་ནས། ཞིང་བ་སྔར་ལས་མང་པོ་ཞིག་དེའི་ཁྲོད་དུ་ཞུགས་སུ་འཇུག་པ་དང་དེའི་ཁྲོད་ནས་ཕན་འབྲས་ཐོབ་ཏུ་འཇུག་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།