ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཀྲན་ཧྲུའུ་ཡིས་དབྱི་ལང་དབྱི་སི་ལན་གྲོས་ཁང་གི་གྲོས་དཔོན་ལ་ལིས་ཅ་ཉི་དང་གྲོས་མོལ་མཛད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-02-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ2པའི་ཚེས19ཉིན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་ཡིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་དབྱི་ལང་དབྱི་སི་ལན་གྲོས་ཁང་གི་གྲོས་དཔོན་ལ་ལིས་ཅ་ཉི་དང་གྲོས་མོལ་མཛད།

ལིས་ཀྲན་ཧྲུའུ་ཡིས་གསུངས་རྒྱུར། ཉིས་སྟོང་བཅུ་དྲུག་ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་དབྱི་ལང་ལ་རྒྱལ་དོན་འཚམས་འདྲི་མཛད་པའི་སྐབས་སུ་རྒྱལ་ཁབ་གཉིས་ཀྱིས་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་དང་དེ་ནས་བཟུང་ཀྲུང་གོ་དང་དབྱི་ལང་བར་གྱི་མཛའ་མཐུན་འགྲོ་འོང་གི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་འགོ་བརྩམས། ཉེ་བའི་ལོ་འགའི་རིང་ལ་ཕྱོགས་གཉིས་ཀྱིས་ཧུར་ཐག་སྒོས་རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་ཐུན་མོང་གི་ལྟ་ཚུལ་དངོས་འབེབས་བཟང་བོ་བྱས་པ་དང་ཁྱབ་ཁོངས་སོ་སོ་སོའི་མཉམ་ལས་རྒྱུན་མཐུད་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་། ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་གྱིས་དབྱི་ལང་དབྱི་སི་ལན་གྲོས་ཁང་བར་གྱི་མཛའ་མཐུན་མཉམ་ལས་འབྲེལ་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པར་མ་ཟད་དབྱི་ལང་ཕྱོགས་དང་མཉམ་དུ་རིམ་པ་མི་འདྲ་བ་དང་རྣམ་པ་མི་འདྲ་བའི་སྒོ་ནས་མཛའ་མཐུན་འགྲོ་འོང་རྒྱ་ཆེར་སྤེལ་བ་དང་། ཁྲིམས་འཛུགས་དང་ལྟ་སྐུལ། རྒྱལ་སྐྱོང་སྲིད་འཛིན་བཅས་ཀྱི་ཉམས་མྱོང་བརྗེ་རེས་ལ་ཤུགས་བསྣན་ནས། རྒྱལ་ཁབ་གཉིས་ཀྱི་གཉིས་ཕན་མཉམ་ལས་ལ་བཅའ་ཁྲིམས་ཀྱི་འགན་སྲུང་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

ལ་ལིས་ཅ་ཉི་ཡིས་བཤད་རྒྱུར། གནའ་རབས་དར་གོས་ཚོང་ལམ་གྱིས་དབྱི་ལང་དང་ཀྲུང་གོའི་བར་གྱི་འགྲོ་འོང་གི་ལོ་རྒྱུས་རིང་པོར་བདེན་དཔང་བྱས་ཡོད། ཀྲུའུ་ཞི་ཞི་ཅིན་ཕིང་གིས་བཏོན་པའི་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་བྱེད་པ་དེས་དར་གོས་ཚོང་ལམ་ལ་ནང་དོན་གསར་པ་བསྣན་ཡོད། དབྱི་ལང་ཕྱོགས་ཀྱིས་འཐབ་ཇུས་ཀྱི་མཐོ་ཚད་ནས་ཀྲུང་གོའི་བར་གྱི་འབྲེལ་བར་ཡང་དག་པའི་ལྟ་ཚུལ་འཛིན་པ་དང་། ཧུར་ཐག་སྒོས་རྒྱུད་གཅིག་ལམ་གཅིག་འཛུགས་སྐྲུན་ཁྲོད་དུ་ཞུགས་ངེས་ཡིན། དབྱི་ལང་དབྱི་སི་ལན་གྲོས་ཁང་གིས་ཀྲུང་གོ་རྒྱལ་ཡོངས་དམངས་ཆེན་བར་གྱི་འགྲོ་འོང་ལ་ཤུགས་སྣོན་པ་དང་ཧུར་ཐག་སྒོས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་གཉིས་ཕན་མཉམ་ལས་ལ་རྒྱབ་སྐྱོར་བྱས་ནས། དབྱི་ལང་དང་ཀྲུང་གོའི་འབྲེལ་བ་སྔར་ལས་འཕེལ་རྒྱས་སུ་འགྲོ་བར་ནུས་པ་ཆེན་པོ་འདོན་འདོད་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།