ཞི་ཅིན་ཕིང་གིས་པེ་ཅིན་དུ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བར་རྟོག་ཞིབ་མཛད།

20190203094509En4G.jpg

ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ལུགས་རྙིང་ལོ་སར་ཐོན་ལ་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བར་རྟོག་ཞིབ་མཛད། 

20190203093322315J.jpg

ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ལུགས་རྙིང་ལོ་སར་ཐོན་ལ་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བར་རྟོག་ཞིབ་མཛད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་ཧྭ་མི་རིགས་ཀྱི་སྲོལ་རྒྱུན་དུས་ཆེན་ཏེ་ལུགས་རྙིང་ལོ་སར་ཐོན་ལ་ཡོད་པའི་སྐབས་སུ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིན་དུ་གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་འཚམས་འདྲི་བྱས་པ་དང་། པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བར་རྟོག་ཞིབ་མཛད་པར་མ་ཟད། རྒྱལ་ཡོངས་ཀྱི་རིགས་སོ་སོའི་མི་དམངས་ལ་ལོ་སར་གྱི་བཀྲ་ཤིས་བདེ་ལེགས་ཞུས་པ་དང་རིགས་སོ་སོའི་མི་དམངས་བདེ་སྐྱིད་ཡོང་ཞིང་རླབས་ཆེན་མེས་རྒྱལ་དར་རྒྱས་གོང་འཕེལ་དུ་འགྲོ་བར་སྨོན་འདུན་བཟང་བོ་ཞུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་ཀྱི་གྲ་སྒྲིག་བྱ་བར་རྟོག་ཞིབ་བྱེད་པར་ཞུགས།

ཟླ་གཉིས་པའི་ཚེས་གཅིག་ཉིན། ཞི་ཅིན་ཕིང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། པེ་ཅིན་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་ཚེ་ཆི་དང་ཧྲི་ཀྲང་ཁྲིན་ཅི་ཉིང་གཉིས་དང་ལྷན་དུ་ལས་ཁུངས་དང་གཞིས་ཁུལ། དགུན་ཁའི་སྦྱོང་བརྡར་ལྟེ་གནས་སོགས་ལ་ཕེབས་ཏེ་བྱ་བར་རྟོག་ཞིབ་བྱས་པར་མ་ཟད། གཞི་རིམ་ལས་བྱེད་པ་དང་མང་ཚོགས་ལ་ཏང་ཀྲུང་དབྱང་གིས་ཐུགས་ཁུར་དང་འཚམས་འདྲི་གནང་བ་མཚོན་པར་བྱས།

པེ་ཅིན་གྲོང་ཁྱེར་སྤྱི་བདེ་ཅུའུའི་ནང་དུ་ཞི་ཅིན་ཕིང་གིས་སྤྱི་བདེ་དཔའ་བོ་དཔེ་ལེགས་ཅན་དང་ཉེན་རྟོག་པའི་འཐུས་མི་རེ་རེར་ཕྱག་འཇུ་གནང་ཞོར་དུ་འཚམས་འདྲི་བྱས། ཞི་ཅིན་ཕིང་གིས་བསྟན་དོན། ཏང་ཀྲུང་དབྱང་གིས་དུས་ཆེན་སྐབས་དང་ལྷག་པར་དུ་རྒྱལ་ཡོངས་དང་རྒྱལ་སའི་ས་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་ལ་ཧ་ཅང་སེམས་ཁུར་བྱེད་ཀྱིན་ཡོད་པ་དང་དེའི་དམིགས་ཡུལ་ནི་མི་དམངས་མང་ཚོགས་ཀྱིས་བདེ་འཇགས་འཆམ་མཐུན་གྱི་ལོ་ཞིག་རོལ་བ་འགན་སྲུང་བྱེད་རྒྱུ་དེ་ཡིན། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པའི་ལོ་ཡིན་པ་དང་། རྒྱལ་སའི་སྤྱི་ཚོགས་བརྟན་འཇགས་འགན་སྲུང་བྱེད་རྒྱུ་ནི་པེ་ཅིན་གྲོང་ཁྱེར་གྱི་འགན་འཁྲི་ཡིན་ལ། ལས་འགན་དེ་བསྒྲུབ་པར་དཀའ་ཚེགས་ཧ་ཅང་ཆེ་བས། ཕྱོགས་སོ་སོའི་བྱ་བར་གཅིག་གྱུར་སྒོས་འཆར་འགོད་དང་ལག་བསྟར་ཏེ་ལས་འགན་སྣ་ཚོགས་རྦད་ཆོད་སྒོས་ཡོངས་འགྲུབ་བཟང་བོ་བྱས་ནས། ཏང་ཀྲུང་དབྱང་དང་རྒྱལ་ཡོངས་མི་དམངས་ཡིད་ཚིམས་པར་འཇུག་དགོས་ཟེར།

དགུན་ཁའི་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་གཞུང་སྒྲུབ་ཐོག་ཁང་དུ་ཞི་ཅིན་ཕིང་གིས་པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་རྩ་འཛུགས་ཨུ་ཡོན་ལྷན་ཁང་གི་ལས་བྱེད་མི་སྣ་དང་དང་བླངས་མཁན་གྱི་འཐུས་མི་ལ་འཚམས་འདྲི་བྱས། ཞི་ཅིན་ཕིང་གིས་བསྟན་དོན། པེ་ཅིན་དགུན་ཁའི་ཨོ་རྩལ་འགྲན་ཚོགས་དང་དགུན་ཁའི་དབང་བོ་སྐྱོན་ཅན་ཨོ་རྩལ་འགྲན་ཚོགས་བསྡུ་བ་ནི་ཐོབ་སླ་མོ་ཞིག་མིན་པ་དང་དེ་ལ་དོན་སྙིང་གལ་ཆེན་ལྡན་ལ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ་དང་དམ་པོར་སྦྲེལ་ཡོད་པས་དུས་རབས་གསར་བའི་པེ་ཅིན་གྱི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་བ་བསྣན། དགུན་ཁའི་ཨོ་རྩལ་འགྲན་ཚོགས་སྒྲུབ་པ་དེས་པེ་ཅིན་དང་ཐེན་ཅིན། ཧི་པེ་བཅས་མཐུན་སྦྱོར་སྒོས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་གཏོང་བ་ཡིན་པས། ངེས་པར་དུ་གཞི་གཅིག་ཏུ་འཆར་འགོད་དང་གཞི་གཅིག་ཏུ་ལག་བསྟར་བྱས་ནས་པེ་ཅིན་སྔར་ལས་འཕེལ་རྒྱས་སུ་འགྲོ་བ་མངོན་འགྱུར་བྱེད་དགོས་ཟེར།

ཏེན་ཞའོ་ཞང་དང་སུན་ཁྲུན་ལན། དེ་མིན་ཀྲུང་དབྱང་འབྲེལ་ཡོད་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་རྟོག་ཞིབ་བྱ་བར་ཞུགས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།