ཀྲུང་དབྱང་མགོ་ཁྲིད་བློ་མཐུན་གྱིས་བློ་མཐུན་རྒན་པར་འཚམས་འདྲི་ཞུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུགས་རྙིང་ལོ་སར་གྱི་སྔོན། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་མགོ་ཁྲིད་པ་དག་གིས་དངོས་སམ་འབྲེལ་ཡོད་འགན་ཁུར་བློ་མཐུན་གཞན་བརྒྱུད་དེ་ཅང་ཅེ་མེན་དང་ཧུའུ་ཅིན་ཐའོ། ལིས་ཕིན། ཀྲུའུ་རོང་ཅི། ལིས་རོས་ཧོན། ཝུའུ་པང་གོ། ཝུན་ཅཱ་པའོ། ཅཱ་ཆིན་ལིན། ཀྲང་ཏི་ཅང་། ཡུས་ཀྲིན་ཧྲིན། སུང་ཕེན། ལིས་ལན་ཆིན། ཙུན་ཆིན་ཧོང་། ཝུའུ་ཀོན་ཀྲིན། ལིས་ཁྲང་ཁྲོན། ལོ་ཀན། ཧི་གོ་ཆང་། ལིག་ཡུན་ཧྲན། ཀྲང་ཀའོ་ལོས། ཐེན་ཅི་ཡུན། ཁྲུ་ཧའོ་ཐེན། ཅང་ཁྲོན་ཡུན། ཝང་ལི་ཆོན། ཝང་ཀྲའོ་གོ། ཧོས་ལིང་ཡུས། ལིག་ཆི། ཝུའུ་དབྱེ། ཚའོ་ཀང་ཁྲོན། ཙུན་ཕའེ་ཡན། ཝང་ཀང་། ལིག་ཡན་ཏུང་། ལིས་ཡོན་ཁྲའོ། མཱ་ཁའེ། ལིས་ཅན་གོ། ཧྥན་ཁྲང་ལུང་། མིན་ཅན་ཀྲུའུ། གོ་ཅིན་ལུང་། ཝང་ཧན་པེན། ཧི་ཡུང་། ཏུའུ་ཆིན་ལིན། ཀྲའོ་ཧོང་ཀྲུའུ། ཝང་པེན་ཆན། ཙི་ཅཱ་ཧྭ། ཕིན་ཕའེ་ཡུན། ཀྲིག་ཀོང་ཀྲའོ། ཚའོ་ཀྲི། ལིས་ཐིས་དབྱིན། ཧི་ལུའུ་ལོས། ཏེན་ཧྲི་སུང་། ཞུའུ་ཅཱ་ལུའུ། ཅང་ཀྲིན་ཧྭ། ཀུའུ་ཞིག་ལེན། རག་བསྡུས། ཧྲིན་ཧྭ་རིན། ལུའུ་ཡུང་ཞང་། ཝུའུ་ཡུན་ཆི་མུའུ་ཀི། ཧྭ་ཅན་མེན། ཁྲིན་ཀྲི་ལི། ཀྲིག་ཐིས་ནོང་། སི་མཱ་དབྱེ་ཐིས་ལི་ཝ་ཨར་ཏིས། ཅང་ཧྲུའུ་ཧྲིན། སང་གོ་ཝེ། ཝང་ཧྲིན་ཅོན། ཁྲིན་ཁྲང་ཀྲི། ཡན་ཞིག་ཆི། ཀྲང་ཕེན། བྱམས་པ་ཕུན་ཚོགས། ཀྲང་པའོ་ཝུན། ཐང་ཅཱ་ཞོན། ལིང་ཀོང་ལེ། ཏའེ་པེན་གོ། ཁྲང་ཝན་ཆོན། ཞའོ་དབྱང་། ཧན་ཧྲུའུ་པེན། ཅཱ་ཁྲོན་ཝང་། ཡེ་ཞོན་ཕེན། རིན་ཅན་ཞིན། སུང་ཅན། ཆན་ཀྲིན་དབྱིན། ཧུའུ་ཆི་ལི། མའོ་ཀྲི་ཡུང་། ཝང་ཀྲུང་ཡུས། ལིས་ཀོས་ཞན། ཀྲང་སི་ཆིན། ཀྲང་ཁི་ཧོས། ཧའོ་ཅན་ཞིག ཞུའུ་ཁོང་ཏིས། ཀྲང་ཧའེ་ཞི། ལིས་མིན། ལའོ་ཧོས། པེ་ལི་ཀྲིན། ཁྲིན་ཁོས་ཡོན། ཨ་པུའུ་ལའེ་ཐིས་ཨ་པུའུ་ཏུའུ་རི་ཞི་ཐིས། ལིས་ཀྲའོ་ཀྲོའུ། ཧོང་མིན་ཧྥུའུ། ཀྲང་མཱེ་ཡུན། ཀྲང་རོང་མེན། ཆན་ཡུང་ལུའུ། སུང་ཅཱ་ཀྲིན། ལིས་ཅིན་ཧྭ། ཀྲིན་ཝན་ཐུང་། ཏུན་ཕུའུ་ཧྥང་། ལི་ཝུའུ་ཝེ། ཁྲིན་ཙུང་ཞིན། ཝང་ཀྲི་ཀྲིན། ཧན་ཆི་ཏི། ལིས་ཝུན་ཡེ། ལོ་ཧྥུའུ་ཧི། ལིས་ཧེ་ཧྥུན། ཁྲིན་ཡོན། ཀྲིག་ཞའོ་ཁྲོན། ཝང་ཅཱ་རོས། ཆི་ཞུའུ་ཁྲོན། མཱ་ཕའེ་ཧྭ། ལིག་ཞའོ་ཧྥུན། ཝང་ཆན་མེན་སོགས་བློ་མཐུན་རྒན་པར་སྐོར་བརྒྱབ་པ་དང་། བློ་མཐུན་རྒན་པ་དག་ལ་ལྷག་བསམ་རྣམ་དག་གིས་དུས་ཆེན་གྱི་འཚམས་འདྲི་བྱས་པར་མ་ཟད། བློ་མཐུན་རྒན་པ་དག་གནམ་ལོ་གསར་བར་སྤྲོ་སྐྱིད་ལྡན་པ་དང་བདེ་ཐང་ཚེ་ཐག་རིང་བའི་སྨོན་འདུན་སྙིང་ནས་ཞུས། 

བློ་མཐུན་རྒན་པ་དག་གིས་དོན་དེར་བཀའ་དྲིན་ཞུས་པ་དང་། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གིས་མཐུན་སྒྲིལ་ཡོད་པའི་སྒོ་ནས་ཏང་ཡོངས་དང་དམག་ཡོངས། རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱི་སྣེ་ཁྲིད་དེ་ལོ་རྒྱུས་རང་བཞིན་ལྡན་པའི་གྲུབ་འབྲས་བླངས་པར་གདེང་འཇོགས་ཆེན་པོ་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་ཆ་ནས་སེམས་གཏིང་ནས་གོང་བཀུར་བྱེད་པའི་ཚུལ་བསྟན། བློ་མཐུན་རྒན་པ་དག་གིས་ཏང་ཡོངས་དང་རྒྱལ་ཡོངས་རིགས་སོ་སོའི་མི་དམངས་ཀྱིས་བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱེད་པ་དང་། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ནས། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་བསམ་བློའི་མཛུབ་སྟོན་འོག ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བའི་འཐབ་ཇུས་བཀོད་སྒྲིག་གཞིར་བཟུང་ཞིང་། དཀའ་ཁག་གདོང་གིས་བསུས་ནས་མདུན་དུ་བསྐྱོད་པ་དང་བྱ་བ་ནན་བསྒྲུབས་བྱས་ཏེ། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་འཛུགས་སྐྲུན་བྱེད་པ་དང་། དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་རྒྱལ་ཁ་བརྩོན་ལེན་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་པའི་རེ་བ་བཏོན། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།