ལིས་ཁི་ཆང་གིས་ཁ་ཐར་རྒྱལ་ཁབ་ཀྱི་རྒྱལ་བོ་ཐ་མུས་མུའུ་ལ་མཇལ་འཕྲད་གནང་།

20190201101426h30J.jpg

ཟླ་དང་པོའི་ཚེས་སོ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁ་ཐར་རྒྱལ་ཁབ་ཀྱི་རྒྱལ་བོ་ཐ་མུས་མུའུ་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་སོ་གཅིག་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་ཁ་ཐར་རྒྱལ་ཁབ་ཀྱི་རྒྱལ་བོ་ཐ་མུས་མུའུ་ལ་མཇལ་འཕྲད་གནང་།

ལིས་ཁི་ཆང་གིས་གསུངས་རྒྱུར། ཉེ་བའི་ལོ་འགའི་རིང་ལ་ཀྲུང་གོ་དང་ཁ་ཐར་འབྲེལ་བ་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བཞིན་ཡོད་པ་དང་ཉོ་ཚོང་དངུལ་གཏོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཁ་ཐར་ཕྱོགས་དང་མཉམ་དུ་མཉམ་ལས་ཀྱི་སྦས་ཤུགས་སྔོག་འདོན་བྱེད་པ་དང་ཡུན་རིང་བརྟན་འཇགས་ཡིན་པའི་ནུས་ཁུངས་འཐབ་ཇུས་མཉམ་ལས་འབྲེལ་བ་འཛུགས་འདོད་ཡོད་པར་མ་ཟད། ཁ་ཐར་ཕྱོགས་ལ་སྒོ་འབྱེད་རྨང་གཞིའི་ཐོན་ལས་སོགས་ཁྱབ་ཁོངས་སུ་མ་དངུལ་གཏོང་འདོད་ཡོད་ཟེར།

ཐ་མུས་མུའུ་ཡིས་བཤད་རྒྱུར། ཁ་ཐར་དང་ཀྲུང་གོའི་འབྲེལ་བ་འཕེལ་རྒྱས་སུ་སོང་བ་ཧ་ཅང་བཟང་། ཁ་ཐར་ཕྱོགས་ཀྱིས་ཀྲུང་གོའི་དཔལ་འབྱོར་འཕེལ་རྒྱས་ལ་ཡིད་སྨོན་བྱེད་ཀྱིན་ཡོད་པར་མ་ཟད། མཉམ་ལས་ཀྱི་ཁྱབ་ཁོངས་གསར་བ་རྒྱ་བསྐྱེད་འདོད་ཡོད། ཁ་ཐར་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ་རང་མོས་ཉོ་ཚོང་ས་ཁུལ་གྱི་གྲོས་མོལ་ལ་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།