ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་ཨུད་ཀྱིས《ཕྱོགས་ཡོངས་ནས་དཔུང་སྡེ་དོ་དམ་ལ་ཤུགས་སྣོན་ནན་པོ་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》བཀྲམ་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-02-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར་ཀྲུང་དབྱང་དམག་ཨུད་ཀྱིས《ཕྱོཌ་ཡོངས་ནས་དཔུང་སྡེ་དོ་དམ་ལ་ཤུགས་སྣོན་ནན་པོ་རྒྱག་རྒྱུའི་སྐོར་གྱི་བསམ་འཆར》(གཤམ་དུ《བསམ་འཆར》ཞེས་བསྡུ་རྒྱུ)བཀྲམ་ཞིང་། དེའི་དམིགས་ཡུལ་ནི་དམག་དཔུང་སྟོབས་ཆེར་གཏོང་བའི་ཞི་ཅིན་ཕིང་གི་དགོངས་པ་ལག་བསྟར་གཏིང་ཟབ་བྱེད་པ་དང་། དམག་དོན་དོ་དམ་མ་ལག་གསར་པ་འཛུགས་མགྱོགས་སུ་གཏོང་བ། དམག་དཔུང་བཅོས་སྐྱོང་བྱེད་ཐབས་ལ་རྩ་བའི་རང་བཞིན་གྱི་འགྱུར་ལྡོག་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་དུས་རབས་གསར་པའི་དཔུང་སྡེ་དོ་དམ་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུ་དེ་རེད།

《བསམ་འཆར》ནང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་དགོངས་པའི་མཛུབ་ཁྲིད་ཀྱི་གནས་བབ་སྲ་བརྟན་དུ་གཏོང་བ་དང་། ཀྲུའུ་ཞི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་རབ་དང་རིམ་པ་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། དེའི་ནང་གི་ལངས་ཕྱོགས་དང་། ལྟ་བ། བྱེད་ཐབས་བཅས་ལ་བརྟེན་ནས་དུས་རབས་གསར་པའི་དཔུང་སྡེ་དོ་དམ་ལས་དོན་ལ་འཕྲད་པའི་དུས་བབ་ཀྱི་ལས་འགན་དང་འགལ་ཟླའི་གནད་དོན་ལ་ལན་རྒྱག་པ་དང་ཐག་གཅོད་བྱེད་པ། ཏང་གི་བཀོད་འདོམས་ལ་ཉན་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་ཁོང་དུ་བརྟན་པོ་ཆུད་པ་བྱེད་པ། དམག་གྲབས་དམག་རྒྱག་གི་སྟོན་ཕྱོགས་གསལ་པོ་འཛུགས་པ། ཁྲིམས་བཞིན་དམག་དཔུང་བཅོས་སྐྱོང་དང་དམག་དཔུང་ནན་པོས་སྐྱོང་རྒྱུ་མཐའ་འཁྱོངས་བྱེད་པ། དཔུང་སྡེ་དོ་དམ་བྱེད་ཐབས་གསར་གཏོད་འཕེལ་རྒྱས་ཡོང་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ནས་ཏང་གིས་དུས་རབས་གསར་པར་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་ཚད་མངོན་འགྱུར་ཡོང་བ་དང་ཡོངས་སུ་མཐུན་པའི་དཔུང་སྡེ་དོ་དམ་བྱེད་ཐབས་རྩེར་སོན་ཞིག་ཧུར་ཐག་གཏོད་དགོས་ཞེས་ཁ་གསལ་བཏོན་ཡོད་པ་རེད།

《བསམ་འཆར》ནང་། དཔུང་སྡེ་དོ་དམ་ལས་དོན་དེ་དམག་གྲབས་དམག་རྒྱག་ཐོག་ཏན་ཏིག་བཞག་སྟེ། དམག་གྲབས་དམག་རྒྱག་གི་སྟོན་ཕྱོགས་གསལ་པོ་ཤུགས་ཆེར་གཏོང་བ་དང་། དམག་འཐབ་སྐབས་ཀྱི་དཔུང་སྡེ་དོ་དམ་མ་ལག་འཐུས་སྒོ་ཚང་དུ་གཏོང་བ། དཔུང་སྡེ་དོ་དམ་གྱི་ལས་ཀའི་གཙོ་གནད་ལ་གཞིགས་པ་བཅས་ཀྱི་ཐོག་ནས་གཙོ་གནད་ཁྱབ་ཁོངས་ཀྱི་དཔུང་སྡེ་དོ་དམ་བྱེད་ཐབས་ཤིག་གསར་གཏོད་བྱེད་དགོས། དཔུང་སྡེ་ཚད་ལྡན་ཅན་གྱིས་དོ་དམ་བྱེད་པའི་ཆུ་ཚད་ཁྲིམས་བཞིན་ནན་པོས་མཐོ་རུ་གཏོང་རྒྱུ་མཐའ་འཁྱོངས་བྱས་ཏེ། བཀའ་ཁྲིམས་དང་སྲོལ་ཡིག་གི་བསྒམ་བཙན་རང་བཞིན་དང་དབང་གྲགས་རང་བཞིན་སྲུང་སྐྱོང་བྱེད་པ་དང་། དཔུང་སྡེའི“སྒྲིག་ལམ་བཞི”བསྐྱར་དུ་གཏོད་པ། བདེ་འཇགས་ཀྱི་ཉེན་ཁར་དབྱེ་ཞིབ་དང་འགོག་སྲུང་ཚོད་འཛིན་མ་ལག་འཐུས་སྒོ་ཚང་དུ་གཏོང་བ་བཅས་བྱས་ནས་ཚད་ལྡན་ཅན་གྱི་དོ་དམ་བྱེད་ཐབས་ཁྱབ་སྤེལ་གཏོང་དགོས། དཔུང་སྡེ་དོ་དམ་གྱི་དེང་རབས་ཅན་ལ་སྐུལ་འདེད་ནུས་ལྡན་གཏོང་བ་དང་། དེང་རབས་དོ་དམ་གྱི་རིགས་པའི་གཞུང་ལུགས་འཕེལ་རྒྱས་གཏོང་བ། དེང་རབས་དོ་དམ་གྱི་སྒྲིག་གཞི་འཛུགས་པ། དེང་རབས་དོ་དམ་གྱི་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་བཅས་ཀྱི་ཐོག་ནས་དེང་རབས་ཀྱི་དོ་དམ་བྱེད་ཐབས་གསར་གཏོད་བྱེད་དགོས་ཞེས་ནན་བཤད་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།