ཀྲུང་གོ་བོད་ཀྱི་དྲ་བ།

2018ལོར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་འབབ10.3%འཕར་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས28ཉིན་རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་གྲངས་གཞི་ཡོངས་བསྒྲགས་བྱས་དོན། བསྡུར་གཞིའི་གཞི་ཁྱོན་ལ་གཞིགས་ནས་རྩིས་བརྒྱབ་ན། 2018ལོར་རྒྱལ་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཀྱི་ཁེ་འབབ་བསྡོམས་སྒོར་དུང་ཕྱུར་66351.4ཟིན་ནས་ལོ་གོང་མ་ལས་10.3%འཕར་ཡོད་པ་རེད།

བསྡོམས་རྩིས་ལས་མངོན་པར། 2018ལོར་བཟོ་ལས་ཀྱི་ལས་རིགས་ཆེ་གྲས41གི་ཁྲོད་ལས་རིགས32ཀྱི་ཁེ་འབབ་བསྡོམས་འབོར་ལོ་གོང་མ་ལས་འཕར་ཡོད་པ་དང་ལས་རིགས9ཆག་ཡོད། དེའི་ཁྲོད་རྡོ་སྣུམ་དང་རང་བྱུང་སོལ་རླངས་སྔོག་འདོན་ལས་རིགས་ལྡབ4.4འཕར་བ་དང་། རྫས་འགྱུར་གྱི་མ་བཅོས་རྒྱུ་ཆ་དང་རྫས་འགྱུར་གྱི་བཟོས་རྫས་བཟོ་སྐྲུན་ལས་རིགས15.9%འཕར་བ། ལྕགས་རིགས་ནག་པོ་བཙོ་སྦྱངས་དང་གནོན་བཙིར་ལས་སྣོན་ལས་རིགས37.8%འཕར་བ། རླངས་འཁོར་བཟོ་སྐྲུན་ལས་རིགས4.7%ཆག་པ། རྩིས་འཁོར་དང་། འཕྲིན་གཏོང་། གློག་རྡུལ་སྒྲིག་ཆས་གཞན་དག་བཅས་ཀྱི་བཟོ་སྐྲུན་ལས་རིགས3.1%ཆག་པ་བཅས་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།