ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་ཀྱི“རང་འགུལ་རིག་ནུས་བདེ་བཤེར་བགྲོད་ལམ” ཐོག་མར་སྤྱོད་འགོ་ཚུགས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དཔྱིད་གསར་དུས་ཆེན་མ་འཆར་གོང་འགྲུལ་པ་ཕར་འགྲོ་ཚུར་འོང་མང་བའི་སྐྱེལ་འདྲེན་རྣམ་པ་འཆར་ལ་ཉེ། ཟླ་1ཚེས་25ཉིན་ཀོང་ཀྲོའུ་པའེ་ཡུན་གནམ་ཐང་T1གནམ་ཐང་འབབ་ཚུགས་ཀྱི་Bབདེ་བཤེར་ཁུལ་དུ“རང་འགུལ་རིག་ནུས་བགྲོད་ལམ”གཅིག་ཤར་གཏོང་བྱས་པ་འདི་ནི་རྒྱལ་ཡོངས་ཀྱི“རང་འགུལ་རིག་ནུས་བདེ་བཤེར་བགྲོད་ལམ”ཐོག་མ་དེ་ཡིན་པ་རེད།

མཁའ་འགྲུལ་སྐྱེལ་འདྲེན་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ་དང་སྦྲགས་དམངས་སྤྱོད་མཁའ་འགྲུལ་གྱི་བདེ་བཤེར་ལས་དོན་གྱི“བདེ་འཇགས་ཀྱི་རང་བཞིན”བརྩོན་ལེན་བྱེད་པ་ནས“བདེ་འཇགས་ཆེ་བ་+ལས་ཕྱོད་ཆེ་བའི”བར་བརྩོན་ལེན་བྱེད་པར་འགྱུར་ལྡོག་བྱུང་བར་བརྟེན། པའེ་ཡུན་གནམ་ཐང་གིས་དམངས་སྤྱོད་མཁའ་འགྲུལ་ཅུས་ཀྱི་ཧེ་བག་ཅན་གྱི་བདེ་བཤེར་དང་ཧའོ་སྨི་རླབས་ཀྱི་བདེ་འཇགས་སྒོ་སྤྱོད་པའི་བླང་བྱ་གཞིར་བཟུང་། བདེ་བཤེར་རང་ངོས་ཀྱི་ལས་སྒོ་དང་ལག་རྩལ་གྱི་ལེགས་ཆ་ཟུང་འབྲེལ་བྱས་ཏེ་དམངས་སྤྱོད་མཁའ་འགྲུལ་གྱི་འབྲེལ་ཡོད་ཚན་རྩལ་ཁེ་ལས་མཉམ་ལས་འགག་སྒྲོལ་བྱས་ཏེ“བདེ་བཤེར་རང་འགུལ་རིག་ནུས་བགྲོད་ལམ”ཞིབ་སྤེལ་བྱས་པ་དང་འབྲེལ་སྤྱོད་འགོ་ཚུགས་པ་རེད།

བགྲོད་ལམ་དེ་ནི་པའེ་ཡུན་གནམ་ཐང་T1མཁའ་འགྲུལ་ས་ཚིགས་ཀྱི་ཐོག་སོ་གསུམ་པའི་ཐོན་སྒོའི་Bབདེ་བཤེར་ཁུལ་གྱི་བགྲོད་ལམ་9པར་ཡོད་པ་དང་། བརྒྱུད་རིམ་ཧྲིལ་པོ་རང་འགུལ་རིག་ནུས་ཡིན་པ་དང་། བགྲོད་ལམ་དུ་ད་དུང“སླར་ཡང་བདེ་བཤེར་བྱེད་པའི་འཕྲུལ་མི”བཀོད་སྒྲིག་བྱས་ཡོད། ངོ་བཤེར་དང་། མི་དང་དོས་པོ་ངོ་སྤྲོད། ཧའོ་སྨི་རླབས་ཀྱི་བདེ་འཇགས་སྒོ་སོགས་ལག་རྩལ་གསར་པ་བརྒྱུད་རང་འགུལ་བདེ་བཤེར་མ་ལག་སྤྱད་པ་རེད། ད་ཐེངས་པའེ་ཡུན་གནམ་ཐང་གིས“བདེ་བཤེར་རང་འགུལ་རིག་ནུས་བགྲོད་ལམ”སྤྱོད་དོན་ནི་པའེ་ཡུན་གནམ་ཐང་གིས་འགྲུལ་པའི་ཧེ་བག་ཅན་གྱི་བདེ་བཤེར་དཔེ་རྣམ་གཞིར་བཟུང་ཚོད་ལྟ་བྱས་པ་ཞིག་ཡིན་པ་དང་དེས་འགྲུལ་པ་ཚོར་བདེ་འཇགས་ཀྱི་འགན་ལེན་དང་དེ་བས་སྟབས་བདེའི་བདེ་བཤེར་བརྟག་དཔྱད་ཐུབ་རྒྱུ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།