ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གཉིས་ཀྱིས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་ལ་འཚམས་འདྲི་དང་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་དབྱང་དྲིལ་སྒྲོག་པུའུ་དང་ཀྲུང་དབྱང་དཔལ་ཡོན་གཞུང་སྒྲུབ་ཁང་གཉིས་ཀྱིས་ཉེ་ལམ་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་ལ་འཚམས་འདྲི་དང་རོགས་སྐྱོར་བྱེད་པའི་བྱ་འགུལ་སྤེལ། ས་ཆ་སོ་སོ་རྩ་འཛུགས་བྱས་ནས་བརྟག་བཤེར་དང་མཐིལ་རྟོགས་བྱས་པའི་རྨང་གཞིའི་སྟེང་། ཆེད་སྤྱོད་མ་དངུལ་སྒོར་ས་ཡ་བཞི་ཙམ་བཀོད་སྒྲིག་བྱས་ནས། འཚོ་བར་དཀའ་ཁག་ཡོད་པའི་ལིས་པེན་དང་རིན་ཧྥུན་ཞང་སོགས་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་ཞེ་བརྒྱད་དང་ཁོ་ཚོའི་ཁྱིམ་མི་ལ་རོགས་སྐྱོར་བྱས། འཚམས་འདྲི་ཚན་ཆུང་སོ་སོར་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཉེར་དྲུག་གི་རྒྱལ་ཡོངས་ཀྱི་ཀུན་སྤྱོད་དཔེ་ལེགས་ཅན་གྱི་ཁྱིམ་ཚང་དུ་སོང་ནས། ཀྲུང་དབྱང་གི་འགོ་ཁྲིད་བློ་མཐུན་ཚོའི་འཚམས་འདྲི་བརྒྱུད་སྒྲོག་བྱས་པ་དང་། རོགས་སྐྱོར་གྲོན་དངུལ་དང་ལོ་སར་གྱི་སྨོན་འདུན་སྐྱེལ།  ས་ཆ་སོ་སོས་ཀྱང་རང་ས་ཁུལ་གྱི་ཀུན་སྤྱོད་དཔེ་ལེགས་ཅན་ལ་འཚམས་འདྲི་བྱས་ནས། དཀའ་ཁག་དངོས་ཐག་བཅད་པ་མ་ཟད། མི་ཚོས་ཀུན་སྤྱོད་དཔེ་ལེགས་ཅན་ལ་བརྩི་བཀུར་དང་སློབ་སྦྱོང་བྱེད་པ་དང་། སེམས་ཁུར་དང་གཅེས་སྤྲས་བྱེད་པར་སྣེ་ཁྲིད་བྱས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།