ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་མི་འབོར་ཁྲི་རེར་གསར་སྤེལ་གྱི་ཁེ་བེད་བདག་ཐོབ་དབང་ཚད11.5ཟིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན། གསར་འགོད་པར་ཉིན་ཤས་གོང་འཚོགས་པའི་རྒྱལ་ཡོངས་ཤེས་བྱའི་བདག་དབང་ཅུས་ཀྱི་ཅུས་ཀྲང་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བར། 2018ལོའི་ལོ་མཇུག་བར་རང་རྒྱལ་གྱི་རྒྱལ་ནང(ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཚུད་མེད་པ)གི་གསར་སྤེལ་གྱི་ཁེ་བེད་བདག་ཐོབ་དབང་ཚད་ཁྲི160.2ཟིན་པ་དེ་དུས་མཚུངས་ལས18.1%འཕར་ཡོད། རང་རྒྱལ་གྱི་མི་འབོར་ཁྲི་རེར་གསར་སྤེལ་གྱི་ཁེ་བེད་བདག་ཐོབ་དབང་ཚད11.5ཟིན་ཡོད་པ་རེད།

རྒྱལ་ཁབ་ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་ཅུས་ཀྲང་ཀྲང་མའོ་ཚོགས་འདུར་ཕེབས་པ་དང་འབྲེལ་ཤེས་བྱའི་བདག་དབང་བྱ་གཞག་འཕེལ་རྒྱས་ལ་མགྱོགས་མྱུར་སྐུལ་འདེད་གཏོང་བའི་ཐད་བླང་བྱ་ཁ་གསལ་བཏོན་ཞིང་། ཁྲོམ་ར་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཏང་ཙུའུ་ཡི་ཁོངས་མི་སྤྱི་ཁྱབ་ཅུས་སུ་བཅའ་སྡོད་ཀྲུང་དབྱང་སྒྲིག་ཨུད་དང་རྒྱལ་ཁབ་ལྟ་ཞིབ་ཨུ་ལྷན་གྱི་སྒྲིག་བཤེར་ལྟ་ཞིབ་ཚོགས་ཆུང་གི་ཙུའུ་ཀྲང་ལིའུ་ཧྲེ་ཚོགས་ཆུང་ཁག་བགོས་ཀྱི་ཚོགས་འདུར་ཞུགས་པ་དང་རྒྱལ་ཁབ་ཤེས་བྱའི་བདག་དབང་ཅུས་ཀྱི་ཅུས་ཀྲང་ཧྲེང་ཁྲང་ཡུས་ཀྱིས་ཚོགས་ཆེན་ཐོག་ལས་དོན་སྙན་སྒྲོན་གནང་བ་རེད།

ཚོགས་འདུའི་ཐོག2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ70འཁོར་བའི་ལོ་ཞིག་རེད་ལ། ཤེས་བྱའི་བདག་དབང་སྒྲིག་གཞི་སྒྱུར་བཅོས་ལེགས་སྒྲུབ་ཟིན་རྗེས་ཀྱི་འགོ་ཚུགས་ལོ་ཞིག་ཀྱང་ཡིན་པས་གཤམ་གསལ་ཕྱོགས་དགུ་ཡི་ལས་དོན་ཡག་པོ་སྒྲུབ་དགོས་པ་སྟེ། གཅིག་ནས་ཤེས་བྱའི་བདག་དབང་གི་འཐབ་ཇུས་ཇུས་འགོད་དང་སྤྱི་ཁོག་སྤྱི་འདོམས་ལ་སྔར་བས་ཤུགས་སྣོན་བརྒྱབ་ནས2035ལོར་ཕྱོགས་པའི་ཤེས་བྱའི་བདག་དབང་གི་རྒྱལ་སྟོབས་འཐབ་ཇུས་རྩ་གནད་བཟོ་བའི་ལས་དོན་ཡག་པོ་སྒྲུབ་དགོས་པ་དང་། གཉིས་ནས་ཤེས་བྱའི་བདག་དབང་གི་སྤུས་ཚད་ལ་ཞིབ་དཔྱད་དང་ཕན་འབྲས་ལ་ཞིབ་དཔྱད་བྱེད་ཤུགས་སྔར་བས་ཆེ་རུ་བཏང་སྟེ་ཞིབ་དཔྱད་ལས་སྒོའི་ནུས་པ་མུ་མཐུད་ཆེ་རུ་གཏོང་དགོས་པ། གསུམ་ནས་ཤེས་བྱའི་བདག་དབང་སྲུང་སྐྱོབ་བྱེད་ཚད་སྔར་བས་ཆེ་རུ་བཏང་སྟེ་སྲུང་སྐྱོབ་ནན་པོ་དང་། སྲུང་སྐྱོབ་ཆེན་པོ། མགྱོགས་མྱུར་སྲུང་སྐྱོབ། མཉམ་དུ་སྲུང་སྐྱོབ་བཅས་ཀྱི་ལས་ཀའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ། བཞི་ནས་ཤེས་བྱའི་བདག་དབང་ཕྱོགས་བསྡུས་ངང་སྤྱོད་རྒྱུར་སྔར་བས་སྐུལ་འདེད་བཏང་ནས་ཤེས་བྱའི་བདག་དབང་གཉེར་སྐྱོང་ཞབས་ཞུའི་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས་པ། ལྔ་ནས་ཤེས་བྱའི་བདག་དབང་གི་སྤྱི་པའི་ཞབས་ཞུའི་ནུས་པ་སྔར་བས་ཆེ་རུ་བཏང་ནས“ཆ་འཕྲིན་ཁེར་ཆགས་གླིང་ཕྲན”དང“གྲངས་གཞིའི་དུ་ཁུང”ཤར་གཏོང་ཡོང་བ་བྱེད་དགོས་པ། དྲུག་ནས་ཤེས་བྱའི་བདག་དབང་ཁྱབ་ཁོངས་ཀྱི་ཕྱོགས་བསྡུས་ལྟ་སྐུལ་དོ་དམ་ལ་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རྒྱུན་གཏན་མིན་པའི་ཁེ་བེད་བདག་ཐོབ་ཀྱི་རེ་ཞུ་དང་ཚོང་རྟགས་དང་ངན་བཅངས་ཐོ་འགོད་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས་པ། བདུན་ནས་ཤེས་བྱའི་བདག་དབང་གི་རྒྱལ་སྤྱིའི་མཉམ་ལས་སྔར་བས་ཟབ་ཏུ་བཏང་ནས་ཤེས་བྱའི་བདག་དབང་གི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་ནང་ཧུར་ཐག་ཞུགས་དགོས་པ། བརྒྱད་ནས་ཤེས་བྱའི་བདག་དབང་བྱ་གཞག་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་བཏང་ནས་ཤེས་བྱའི་བདག་དབང་གི་སློབ་གསོ་ཁྱབ་གདལ་དང་དེ་བཞིན་ཁྲིམས་ལུགས་ཁྱབ་གདལ་ལས་དོན་རྒྱ་ཁྱབ་ངང་སྤེལ་དགོས་པ། དགུ་ནས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུའི་སྐོར་གྱི་ཀྲུང་དབྱང་གི་འཐབ་ཇུས་བཀོད་སྒྲིག་དོན་འཁྱོལ་ནན་ཏན་བྱས་ཏེ་ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།