ཀྲུང་གོ་བོད་ཀྱི་དྲ་བ།

2018ལོར་ཞིང་ལས་ཐོན་རྫས་གཙོ་བོའི་འཆར་ཅན་གྱི་ལྟ་ཞིབ་ཚད་ལེན་གྱི་སྤྱིའི་ཚད་ལོན་ཚད97.5%ཟིན་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-24
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། 2018ལོ་ནི་ཞིང་ལས་དང་གྲོང་གསེབ་པུས་གཏན་འཁེལ་བྱས་པའི་ཞིང་ལས་ཀྱི་སྤུས་ཚད་ལོ་ཞིག་ཡིན། ས་གནས་ཁག་གིས“ཐོན་སྐྱེད་བྱེད་ཐུབ་པ”དང་། “དོ་དམ་བྱེད་ཐུབ་པ”“འཛུགས་ཐུབ་པ”“སྟོབས་ཆེར་གཏོང་བ”བཅས་མཉམ་དུ་དམ་འཛིན་བྱས་པ་དང་སྤུས་ཚད་ལ་བརྟེན་ནས་ཞིང་ལས་འཕེལ་རྒྱས་གཏོང་བ་དང་། ལྗང་མདོག་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ། སྤུས་རྟགས་ལ་བརྟེན་ནས་ཞིང་ལས་སྟོབས་ཆེར་གཏོང་བ་བཅས་སྤྱི་འདོམས་སྐུལ་འདེད་བཏང་སྟེ་ཞིང་ལས་ལྗང་མདོག་ཅན་དང་། སྤུས་ལེགས་ཅན། ཁྱད་ལྡན་ཅན། སྤུས་རྟགས་ཅན་བཅས་ཀྱི་ཕྱོགས་སུ་འཕེལ་རྒྱས་འགྲོ་རྒྱུར་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བཏོད་ཡོད། ལོ་ཧྲིལ་པོར་ཞིང་ལས་ཐོན་རྫས་གཙོ་བོའི་འཆར་ཅན་གྱི་ལྟ་ཞིབ་ཚད་ལེན་གྱི་སྤྱིའི་ཚད་ལོན་ཚད97.5%ཟིན་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དོན་རྐྱེན་ཚབས་ཆེན་ཐོན་མེད།

འདི་ནི་གསར་འགོད་པར་ཚེས22ཉིན་འཚོགས་པའི་རྒྱལ་ཡོངས་ཀྱི་སྤུས་ཚད་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བའི་སྐུལ་འདེད་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ཞིག་རེད། ཞིང་ལས་དང་གྲོང་གསེབ་པུའི་པུའུ་ཀྲང་གཞོན་པ་ཡུས་ཁང་ཀྲེན་གྱིས་ཚོགས་འདུའི་ཐོག་རིམ་ཁག་ཞིང་ལས་དང་གྲོང་གསེབ་སྡེ་ཚན་གྱིས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱ་རྒྱུ་སྤྱིའི་དམ་འཛིན་བྱ་གཞིར་བྱ་རྒྱུ་མཐའ་འཁྱོངས་བྱེད་པ་དང་། ཞིང་ལས་ཀྱི་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ཟབ་ཏུ་གཏོང་རྒྱུ་གཙོ་རྐང་དུ་བྱེད་པ། སྤུས་ལེགས་ཀྱི་ལྗང་མདོག་ཞིང་ལས་ཐོན་རྫས་མཁོ་སྤྲོད་བྱེད་མང་དུ་གཏོང་རྒྱུ་གཙོ་རྒོལ་ཁ་ཕྱོགས་སུ་བྱེད་པ། ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་དོན་རྐྱེན་ཚབས་ཆེན་མི་ཐོན་པ་མཐའ་ཚད་དུ་བྱ་རྒྱུ་བརྟན་པོར་སྲུང་བ། ཞིང་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཆུ་ཚད་མཐོ་རུ་ཧུར་ཐག་གཏོང་བ་བཅས་བྱས་ཏེ་མི་དམངས་མང་ཚོགས་ཀྱི“ལྕེ་རྩེའི་ཐོག་གི་བདེ་འཇགས”འགན་ལེན་བྱེད་དགོས་ཞེས་ནན་བཤད་བྱས་ཡོད།

ཡུས་ཁང་ཀྲེན་གྱིས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་འགན་ལེན་བྱེད་པར“ཆེས་ནན་པ་བཞི”མཐའ་འཁྱོངས་བྱེད་དགོས་ཏེ། གཅིག་ནས“ཆེས་ནན་པའི་ཚད་གཞིར”དམིགས་ཏེ་ཞིང་ལས་ཚད་ལྡན་ཅན་གྱི་ཐོན་སྐྱེད་ལ་སྐུལ་འདེད་བཏང་ནས་སྤུས་ལེགས་ལྗང་མདོག་གི་ཞིང་ལས་ཐོན་རྫས་མཁོ་སྤྲོད་བྱེད་མང་དུ་གཏོང་དགོས་པ་དང་། གཉིས་ནས“ཆེས་ནན་པའི་ལྟ་སྡོམ”ལ་དམིགས་ཏེ་ཉེན་ཁའི་སྔོན་འགོག་ཚོད་འཛིན་ལ་སྐུལ་འདེད་བཏང་ནས་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་བཅོས་སྐྱོང་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ། གསུམ་ནས“ཆེས་ནན་པའི་ཆད་གཅོད”ལ་དམིགས་ཏེ་བཅའ་ཁྲིམས་ཀྱི་ལག་ཆ་གང་ལེགས་སྤྱད་ནས་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་སྣ་ཚོགས་ལ་རྡུང་རྡེག་མཐའ་གཅིག་ཏུ་གཏོང་དགོས་པ། བཞི་ནས“ཆེས་ནན་པའི་འགན་འཁྲི་རྩད་གཅོད”ལ་དམིགས་ཏེ་ཞིང་ལས་ཐོན་རྫས་ཀྱི་སྤུས་ཚད་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་ས་གནས་སྲིད་གཞུང་གི་གཏོགས་ཁོངས་དོ་དམ་འགན་འཁྲི་དང་། སྡེ་ཚན་གྱི་ལྟ་སྡོམ་འགན་འཁྲི། ཐོན་སྐྱེད་གཉེར་སྐྱོང་པའི་བྱེད་པོའི་འགན་འཁྲི་བཅས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་གཏོང་དགོས། དེ་དང་ཆབས་ཅིག་ལྟ་སྡོམ་ལམ་ལུགས་དང་ལམ་སྲོལ་དང་དཔུང་ཁག་གི་ནུས་པ་འཛུགས་སྐྱོང་ལ་སྔར་བས་ཤུགས་སྣོན་རྒྱག་དགོས་ཞེས་བརྗོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།