ཀྲུང་གོ་བོད་ཀྱི་དྲ་བ།

ཝང་དབྱང་དམངས་གཉེར་ཁེ་ལས་པའི་ལུགས་རྙིང་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20190121230234RMNN.jpg

ཟླ་དང་པོའི་ཚེས་ཉེར་གཅིག་ཉིན། དམངས་གཉེར་ཁེ་ལས་པའི་ལུགས་རྙིང་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུ་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དམངས་གཉེར་ཁེ་ལས་པའི་ལུགས་རྙིང་ལོ་སར་བསུ་བའི་བཞུགས་མོལ་ཚོགས་འདུ་ཟླ་དང་པོའི་ཚེས་ཉེར་གཅིག་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དམངས་གཉེར་ཁེ་ལས་པའི་བཞུགས་མོལ་ཚོགས་འདུའི་སྟེང་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་དང་རྒྱུས་ལོན་གསལ་བོ་བྱེད་པ་དང་། དམངས་གཉེར་དཔལ་འབྱོར་གྱི་བཅོས་སྒྱུར་འཕེལ་རྒྱས་ཁྲོད་ཀྱི་གོ་གནས་གལ་ཆེན་དང་ནུས་པར་ངོས་འཛིན་ཟབ་མོ་བྱེད་པ། དམངས་གཉེར་ཁེ་ལས་བདག་གཉེར་ཁྲོད་འཕྲད་པའི་དཀའ་ཁག་དང་གནད་དོན་ལ་རྩོད་སྒྲུབ་སྒོས་ལྟ་སྟངས་འཛིན་པ། ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་ངང་རིང་རྒྱུན་འཁྱོངས་བྱེད་པ། གཙོ་གནད་ལ་དམིགས་པ། སྤྱོད་ཚུལ་བཟང་བོས་ཏང་ཀྲུང་དབྱང་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་དང་རྒྱབ་སྐྱོར། སྣེ་ཁྲིད་བྱེད་པའི་བྱེད་ཕྱོགས་སྲིད་ཇུས་ལག་བསྟར་བྱེད་པར་དམ་འཛིན་བྱེད་པ། རིགས་གསར་བའི་སྲིད་ཚོང་འབྲེལ་བ་བཙུགས་ནས། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་བདེ་ཐང་ངང་འཕེལ་རྒྱས་སུ་གཏོང་བ་དང་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་མི་སྣ་བདེ་ཐང་ངང་འཚར་ལོངས་འབྱུང་བར་སྐུལ་འདེད་གཏོང་དགོས་ཟེར།

ཝང་དབྱང་གིས་བསྟན་དོན། མིག་སྔར་དམངས་གཉེར་ཁེ་ལས་ཐད་ནས་དཀའ་ཁག་དང་གནད་དོན་འགར་འཕྲད་ཡོད་པ་དང་། དེ་ནི་རང་རྒྱལ་གྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་སུ་ཞུགས་པའི་སྐབས་ཀྱི་གཡོལ་ཐབས་མེད་པའི་གནད་དོན་ཡིན་ལ། གཏིང་ཟབ་ཚད་ནས་བལྟས་ན་སྲོལ་རྒྱུན་གྱི་འཕེལ་རྒྱས་འགྲོ་སྟངས་ཐད་ཀྱི་ཉེན་ཁ་དང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་བའི་ཐད་ཀྱི་གོ་སྐབས་ཡིན། དམངས་གཉེར་ཁེ་ལས་ཀྱི་ཡིད་ཆེས་རྒྱུན་མཐུད་ངང་ཇེ་དྲག་ཏུ་གཏོང་ཐུབ་མིན་དང་སྔོན་རྩིས་རྒྱུན་མཐུད་ངང་སྲ་བརྟན་དུ་གཏོང་ཐུབ་མིན་དེ། གཙོ་བོར་ས་ཆ་སོ་སོ་དང་སྡེ་ཁག་སོ་སོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལ་རྒྱུས་ལོན་བྱས་ཡོད་མེད་དང་ལག་བསྟར་བྱས་མིན་ལ་ཐུག་ཡོད་པས། རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཁེ་ལས་ཀྱི་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ། ཧུར་ཐག་གིས་དམངས་གཉེར་ཁེ་ལས་ཀྱིས་ཆེས་སེམས་ཁུར་བྱེད་པ་དང་ཆེས་ཐད་ཀར་དང་ཆེས་མངོན་སུམ་གྱི་དཀའ་ཁག་དང་གནད་དོན་ཐག་བཅད་དེ། སྲིད་ཇུས་དང་ཁྲིམས་སྐྱོང་ཁོར་ཡུག་བཟང་བོ་བསྐྲུན་དགོས། འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་དང་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱིས་འབད་འཐབ་བྱེད་པ་དང་ཞབས་འདེགས་ཞུ་བ། དུས་ཐོག་ཏུ་དམངས་གཉེར་ཁེ་ལས་ཀྱི་ལུགས་མཐུན་ཞུ་གཏུག་ལ་ལན་འདེབས་པ། འབྲེལ་ཡོད་སྡེ་ཁག་གིས་སྲིད་ཇུས་འཐུས་ཚང་དུ་གཏོང་བ་དང་བྱ་བ་ལེགས་སྒྱུར་བྱེད་པར་སྐུལ་འདེད་བཏང་སྟེ། དམངས་གཉེར་ཁེ་ལས་པའི་འཕེལ་རྒྱས་ཀྱི་ཡིད་ཆེས་ཇེ་དྲག་ཏུ་གཏོང་བར་སྣེ་ཁྲིད་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་གྱིས་ཚོགས་འདུར་འགོ་མཛིན་བྱས། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཡོངས་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཀའོ་ཡུན་ལུང་ཚོགས་འདུར་ཞུགས། ལིག་ཁྲོན་ཀྲི་དང་ཀྲང་དབྱི་མིན། ལིས་ཧྲུའུ་ཧྥུའུ། ལེ་ཅུན། ཝང་ཅུན་ཅིན། ཚོས་ཀུན་ལེང་། ཁྲིན་ཙིག་མིན། སུའུ་ཀྲི་གང་སོགས་དམངས་གཉེར་ཁེ་ལས་པའི་འཐུས་ཚབ་པ་བརྒྱད་ཀྱིས་བཞུགས་མོལ་ཚོགས་འདུའི་སྟེང་གཏམ་བཤད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།