ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྲོལ་ཡིག་འགྲེམ་སྤེལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཉེ་ལམ། ཀྲུང་གུང་ཀྲུང་དབྱང་གིས་ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྲོལ་ཡིག་འགྲེམ་སྤེལ་བྱས་པར་མ་ཟད་བརྡ་ཐོ་བཏང་སྟེ་ས་གནས་སོ་སོ་དང་ལས་ཁུངས་སོ་སོས་ནན་ཏན་སྒོས་ལག་བསྟར་བྱེད་དགོས་པའི་རེ་བ་བཏོན། ཀྲུང་གོ་གུང་ཁྲན་ཏང་གི་སྲིད་ཁྲིམས་བྱ་བའི་སྲོལ་ཡིག་ལ་བསྡོམས་པས་ལེའུ་སོ་དགུ་ཡོད་པ་དང་ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོའི་ཚེས་བཅུ་གསུམ་ཉིན་ནས་བཟུང་ལག་བསྟར་བྱས། དེའི་སྔོན་ལ་འགྲེམ་སྤེལ་བྱས་པའི་ཏང་ནང་ཁུལ་གྱི་འབྲེལ་ཡོད་སྲིད་ཁྲིམས་བྱ་བའི་གཏན་འཁེལ་ལས་སྲོལ་ཡིག་འདི་དང་གཅིག་མཐུན་མིན་པ་རྣམས་སྲོལ་ཡིག་འདི་ལྟར་ལག་བསྟར་བྱེད་དགོས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།