ཀྲུང་གོ་བོད་ཀྱི་དྲ་བ།

“འཛམ་གླིང་གི་གངས་ཀྱི་ཉིན་མོའི”བྱེད་སྒོ་རྒྱལ་ཡོངས་ཀྱི་གངས་ཤུད་ར་བ་བརྒྱ་ལྷག་ཏུ་སྤེལ་བ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  “དགུན་དུས་ཨའོ་རྩལ་འགྲན་ཚོགས་ལ་ཞུགས། བདེ་ཐང་གི་བྱིས་དུས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི“2019ལོའི་འཛམ་གླིང་གི་གངས་ཀྱི་ཉིན་མོ་དང་རྒྱལ་སྤྱིའི་བྱིས་པའི་གངས་ཤུད་དུས་ཆེན”ཟླ1ཚེས20ཉིན་རྒྱལ་ཡོངས་ཀྱི་གངས་ཤུད་ར་བ114རུ་དུས་མཚུངས་སུ་སྤེལ་བ་རེད།

“2019ལོའི་འཛམ་གླིང་གི་གངས་ཀྱི་ཉིན་མོ་དང་རྒྱལ་སྤྱིའི་བྱིས་པའི་གངས་ཤུད་དུས་ཆེན”གྱི་གངས་ཤུད་ར་བ་གཙོ་བོ་ཧོ་པེ་ཁྲུང་ལི་ཐའེ་ཝུའུ་གངས་ཤུད་གྲོང་རྡལ་དུ་བཙུགས་པ་དང་། གཞན་ཡང་ཧེ་ལུང་ཅང་ཆི་ཆི་ཧར་ཨའོ་གཡོད་ཉན་ཙེ་ཧྲན་གངས་ཤུད་ར་བ་དང་། ཅི་ལིན་ཞིང་ཆེན་ཅི་ལིན་དབན་ཁོའོ་སུང་ཧོ་ཧུའུ་གངས་ཤུད་སྤྲོ་གསེང་ཁུལ། ཀུའེ་ཀྲོའུ་ལིའུ་ཕན་ཧྲུའེ་ཡུས་ཧྲེ་གངས་རིའི་གངས་ཤུད་ར་བ། ཧྲའན་ཤིས་པའོ་ཅིའི་ཨའོ་ཧྲན་གངས་ཤུད་ར་བ། ཀྲེ་ཅང་ཧང་ཀྲོའུ་ལིན་ཨན་ཏ་མིང་ཧྲན་གངས་ཤུད་ར་བ་བཅས་ཡན་ལག་ར་བ་ལྔས་བྱེད་སྒོར་ཞུགས་མཁན་གངས་ཤུད་ར་བ་བརྒྱ་ལྷག་དང་མཉམ་དུ་བྱེད་སྒོ་སྤེལ་བ་རེད།

“འཛམ་གླིང་གི་གངས་ཀྱི་ཉིན་མོ་དང་རྒྱལ་སྤྱིའི་བྱིས་པའི་གངས་ཤུད་དུས་ཆེན”དེ་རྒྱལ་སྤྱིའི་གངས་ཤུད་མཉམ་འབྲེལ་ལྷན་ཚོགས་ཀྱིས་བཙུགས་པའི་རྣམ་གྲངས་ཤིག་ཡིན་པ་དང་། དེའི་དམིགས་ཡུལ་གཙོ་བོ་ནི་འཛམ་གླིང་ཡོངས་ཀྱི་གཞོན་ནུ་ལོ་ཆུང་ཚོར་གངས་ཤུད་ལུས་རྩལ་ཁྱབ་གདལ་གཏོང་རྒྱུ་དེ་རེད། འདི་ལོའི“འཛམ་གླིང་གི་གངས་ཀྱི་ཉིན་མོའི”ཀྲུང་གོའི་ཁུལ་གྱི་བྱེད་སྒོས་གངས་ཤུད་ར་བ་གཙོ་བོ་དང་ཡན་ལག་གངས་ཤུད་ར་བ་དང་མཉམ་དུ་གཞོན་ནུ་ལོ་ཆུང་སྔར་བས་མང་བ་ཁྱིམ་ནས་དོན་ཏེ་གངས་ཤུད་ར་བར་ཡོང་ནས་སྤྲོ་སྣང་ལྡན་པའི་གངས་ཤུད་བྱེད་སྒོར་ཞུགས་ཏེ་གངས་ཤུད་ལས་སྦྱིན་པའི་བདེ་ཐང་དང་སྤྲོ་སྣང་ལོངས་སྤྱོད་གང་ལེགས་ཐུབ་པ་བྱ་རྒྱུ་དེ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།