ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ལ་སྲིད་ཁྲིམས་ཁོངས་གཏོགས་སུ་དོ་སྣང་ཆེན་པོ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་སྲིད་ཁྲིམས་བྱ་བའི་གྲོས་ཚོགས་སྟེང་གནང་བའི་གསུང་བཤད་གལ་ཆེན་ལས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་སྲིད་ཁྲིམས་བྱ་བའི་ཐད་ནས་བླངས་པའི་གྲུབ་འབྲས་དང་བསགས་པའི་ཉམས་མྱོང་ཁྱོན་ཡོངས་ནས་སྤྱི་སྡོམ་བྱས་ཤིང་། དུས་རབས་གསར་པའི་སྲིད་ཁྲིམས་བྱ་བའི་ལོ་རྒྱུས་ཁ་ཕྱོགས་ལ་དབྱེ་ཞིབ་ཟབ་མོ་བྱས་པ་དང་། ཚན་རིག་དང་མཐུན་པའི་སྒོ་ནས་ཁ་ཕྱོགས་རང་བཞིན་དང་ཁྱོན་ཡོངས་རང་བཞིན། འཐབ་ཇུས་རང་བཞིན་གྱི་གནད་དོན་གལ་ཆེན་རབ་དང་རིམ་པར་ལན་བཏབ་པར་མ་ཟད་དུས་རབས་གསར་པའི་སྲིད་ཁྲིམས་བྱ་བར་བཀོད་སྒྲིག་བྱས་ཡོད། རྒྱ་ཆེའི་སྲིད་ཁྲིམས་བྱ་བའི་འཐབ་ཕྱོགས་ཀྱི་བློ་མཐུན་རྣམས་ཀྱིས་བཤད་རྒྱུར། ཧུར་ཐག་སྒོས་དུས་རབས་གསར་པའི་འོག་གི་སྲིད་ཁྲིམས་བྱ་བའི་འགན་འཁྲི་དང་ལས་འགན་ཁུར་ཕོད་པར་བྱེད་པ་དང་། སྟོབས་ཤུགས་ཡོད་རྒུ་བཏོན་ནས་རྒྱལ་ཁབ་ཀྱི་ཆབ་སྲིད་བདེ་འཇགས་ལ་སྲུང་སྐྱོབ་བྱེད་པ་དང་སྤྱི་ཚོགས་ཀྱི་ཁྱོན་ཡོངས་བརྟན་འཇགས་ལ་འགན་སྲུང་བྱེད་པ། སྤྱི་ཚོགས་འདྲ་མཉམ་དྲང་བདེན་ལ་སྐུལ་འདེད་གཏོང་བ། མི་དམངས་ཀྱི་བདེ་སྡོད་ལས་བརྩོན་ལ་འགན་སྲུང་བྱེད་པ་ཡིན་ཟེར།

སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་ལས། དུས་རབས་གསར་པའི་སྲིད་ཁྲིམས་བྱ་བའི་འགན་འཁྲི་དང་ལས་འགན་ཁག་ཁུར་བྱེད་སྐབས། ངེས་པར་དུ་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་པ་རྒྱུན་འཁྱོངས་བྱེད་པ་དང་། ཏང་གིས་སྲིད་ཁྲིམས་བྱ་བར་མཐའ་གཅིག་ཏུ་འགོ་ཁྲིད་པ་རྒྱུན་འཁྱོངས་བྱེད་པ། མི་དམངས་དཀྱིལ་སྙིང་ཡིན་པའི་འཕེལ་རྒྱས་བསམ་ཕྱོགས་རྒྱུན་འཁྱོངས་བྱེད་དགོས་ཞེས་ནན་གྱིས་བསྟན་ཡོད། ཚང་མས་བཤད་རྒྱུར། རྒྱུན་འཁྱོངས་གསུམ་གྱིས་གནས་བབ་གསར་བའི་འོག་ཏུ་སྲིད་ཁྲིམས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་པར་གཞི་རྩའི་བསྲུང་བྱ་དང་འགུལ་སྐྱོད་ཕྱོགས་སྟོན་འདོན་སྤྲོད་བྱས་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།