ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་ཚེས་བཅོ་བརྒྱད་ཉིན་པེ་ཅིན་ནས་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་ཚོགས་འདུར་ཞུགས་ནས་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། མིག་སྔའི་བཅོས་སྒྱུར་དང་འཕེལ་རྒྱས། བརྟན་འཇགས་བཅས་ཀྱི་འགན་ཁུར་ཧ་ཅང་ལྕི་ལ། འགལ་འདུའི་ཉེན་ཁ་ཧ་ཅང་ཆེ་བ། བསམ་བློ་དང་རིག་གནས་སྣ་མང་གི་བརྗེ་རེས་སིམ་འདྲེས་ཀྱི་ཚད་ཧ་ཅང་མཐོ་བ་བཅས་ཀྱི་རྐྱེན་གྱིས། འཐབ་ཕྱོགས་གཅིག་གྱུར་སྒོས་མི་སེམས་དང་ཤེས་རབ། སྟོབས་ཤུགས། ཐུན་མོང་གི་ལྟ་བ་བཅས་གོང་བུ་གཅིག་ཏུ་སྒྲིལ་བར་དཀའ་ངལ་ཆེ་ལ་འགན་ཁུར་ཧ་ཅང་ལྕི། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་ཁྲིད་སྟོན་དུ་བཟུང་ནས། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བར་ཤུགས་སྣོན་དང་ལེགས་བཅོས་གཏོང་དགོས་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློང་སྦྱོང་མཐར་ཕྱིན་དང་གོ་བ་གནད་སྨིན་བླངས་ནས། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་བརྟན་དུ་གཏོང་བ་དང་། སྲུང་སྐྱོབ་བྱེད་དགོས་པ་གཉིས་བཟང་བོར་བསྒྲུབ་པ། དུས་རབས་ཀྱི་ཁ་ཕྱོགས་དང་གནས་བབ་ལ་གོ་བ་ཡང་དག་འདྲོངས་པར་བྱེད་པ། འོས་འགན་མི་གཏོང་བ་བཅས་ལ་འབད་དེ། ཏང་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་གྱི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་དོན་འཁྱོལ་བྱས་ནས། རྒྱ་ཆེ་བའི་འཐབ་ཕྱོགས་གཅིག་གྱུར་ལས་གནས་སྟེང་གི་ཁོངས་མིའི་ཤེས་རབ་དང་སྟོབས་ཤུགས་ཚང་མ་གཅིག་བསྡུས་བྱེད་དགོས་ཟེར། 

ཝང་དབྱང་གིས་བསྟན་དོན། འདས་པའི་ལོ་གཅིག་གི་ནང་དུ། རིམ་པ་སོ་སོའི་འཐབ་ཕྱོགས་གཅིག་གྱུར་སྡེ་ཁག་གིས་བྱ་བ་འབོར་ཆེན་བསྒྲུབས་ནས། འཐབ་ཕྱོགས་གཅིག་གྱུར་ལས་དོན་ལ་ཡར་རྒྱས་ཆེན་པོ་བྱུང་བར་མ་ཟད། མཐུན་སྒྲིལ་དང་འཆམ་མཐུན་གྱི་རྣམ་པ་ལེགས་པོ་མངོན་ཡོད། ཉིས་སྟོང་བཅུ་དགུ་ལོའི་འཐབ་ཕྱོགས་གཅིག་གྱུར་འོས་འགན་ཧ་ཅང་ལྕི་བས། ཏང་ཀྲུང་དབྱང་གི་འཐབ་ཕྱོགས་གཅིག་གྱུར་བྱ་བའི་ཇུས་ཆོད་བཀོད་སྒྲིག་དངོས་འབེབས་ནན་མོ་བྱས་ཏེ། གཟེར་འདེབས་སྙིང་སྟོབས་ལ་བརྟེན་ནས་དངོས་འབེབས་བྱ་བ་དམ་པོར་བཟུང་ནས་ཕན་འབྲས་ལོན་པར་འགན་ལེན་ཁག་ཐེག་བྱེད་དགོས། བསམ་བློ་ཆབ་སྲིད་འཛུགས་སྐྲུན་དང་རྐྱེན་སྲོལ་འཛུགས་སྐྲུན། སྤྱོད་ལམ་འཛུགས་སྐྲུན། དཔུང་སྡེ་འཛུགས་སྐྲུན་བཅས་ལ་ཤུགས་བསྣན་ནས། འཐབ་ཕྱོགས་གཅིག་གྱུར་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་གཏད་དེ། གྲུབ་འབྲས་གཡུར་དུ་ཟ་བས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ལོ་ལོན་པར་བསུ་མ་བྱེད་དགོས་ཟེར། 

ཚོགས་ཐོག་ནས་ཀྲུང་གུང་ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཡུག་ཆོན་གྱིས་གྲོས་ཚོགས་ལ་འགོ་འཛིན་བྱས་ནས་གཏམ་བཤད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།