ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་བདེ་པུས་བསྟན་དོན་རྒྱལ་ཡོངས་སུ་མེ་མདའ་དང་འབར་རྫས་ཀྱི་ཉེས་གསོག་དུས་མཚུངས་ལས་བརྒྱ་ཆ་སུམ་ཅུ་ཆག་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-11
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ཆར། སྤྱི་བདེ་པུས་པེ་ཅིང་དུ་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག2018ལོ་ཚུན། རྒྱལ་ཡོངས་སུ་མེ་མདའ་དང་འབར་རྫས་ཀྱི་ཁྲིམས་འགལ་ཉེན་གསོག་ལ་རྡུང་རྡེག་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་ཀྱི་འབྲེལ་ཡོད་གནས་ཚུལ་བརྡ་ཁྱབ་བཏང་ཞིང་། 2018ལོའི་ཟླ2པར་སྤྱི་བདེ་པུས་སྣེ་ཁྲིད་ནས་སྡེ་ཚན24ཞུགས་པའི་མེ་མདའ་དང་འབར་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་བཅོས་སྒྲིག་བྱེད་པའི་པུའུ་དབར་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་སྲོལ་བཙུགས་ནས་དུས་ཡུན་ལོ་གཉིས་ཀྱི་རྡུང་རྡེག་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་བཀོད་སྒྲིག་བྱས་ཡོད། 

ཆེད་དོན་བྱ་སྤྱོད་སྤེལ་ཚུན། རྒྱལ་ཡོངས་སུ་ཁྱོན་མེ་མདའ་དང་འབར་རྫས་དང་འབྲེལ་བའི་གྱོད་གཞི་ཁྲི3.7རྩད་ཆོད་པ་དང་། ཚོགས་པ416མེད་པར་བཟོས་པ། ནག་ཚང599གཏོར་བ། ཁྲིམས་འགལ་ཉེས་གསོག་དོགས་ཅན་ཁྲི4.3བཟུང་བ། རྔོན་མདའ་ཁྲི1.2དང་། ཕུག་མདའ་ཁྲི4.2 རྫས་མདའ་ཁྲི3.8 དེ་མིན་གྱི་མེ་མདའ་ཁྲི5.4བཅས་གཞུང་བཞེས་བཏང་བ་དང་། མདེའུ་སྣ་ཚོགས་ཁྲི369དང་། འབར་རྫས་ཏུན416 མེ་འདྲེན་སྦུ་གུ་ཁྲི50བཅས་གཞུང་བཞེས་བཏང་བ་རེད། 2018ལོའི་ཟླ1པོ་ནས་ཟླ11བར། རྒྱལ་ཡོངས་སུ་མེ་མདའ་འཁྱེར་བའི་ཉེས་གསོག་གྱོད་གཞི42ཐོན་པ་དང་འབར་རྫས་གྱོད་གཞི39ཐོན་པ་དེ་དུས་མཚུངས་ལས་ཁག་སོ་སོར27.6%དང29%ཆག་སྟེ་མེ་མདའ་དང་འབར་རྫས་ཀྱི་ཉེས་གསོག་གྱོད་གཞི་ལོ་མང་རིང་བསྟུད་མར་ཆག་པའི་རྣམ་པ་བཟང་པོ་རྒྱུན་འཁྱོངས་ཐུབ་ནས་ཀྲུང་གོ་དེ་ཉིད་འཛམ་གླིང་ཐོག་མེ་མདའ་དང་འབར་རྫས་ཀྱི་ཉེས་གསོག་གྱོད་གཞི་ཐོན་ཉུང་ཤོས་ཀྱི་རྒྱལ་ཁབ་ཀྱི་གྲས་སུ་འགྱུར་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་མེ་མདའ་དང་འབར་རྫས་ཀྱི་ཁྲིམས་འགལ་ཉེས་གསོག་རྡུང་རྡེག་བཅོས་སྒྲིག་གི་ཆེད་དོན་བྱ་སྤྱོད་དེ་སྔ་སྡེ་ཚན་རྩ་འཛུགས་ཀྱི་ཆེད་དོན་བྱ་སྤྱོད་ནས་ད་ཆ་རྒྱལ་ཁབ་རིམ་པའི་ཆེད་དོན་ལས་དོན་དུ་འགྱུར་ཞིང་། དེ་སྔོན་དང་བསྡུར་ན་ཞིབ་བཤེར་ཐག་གཅོད་དང་རྡུང་རྡེག་གཏོང་བའི་ཐད་དམིགས་སའི་རང་བཞིན་ཆེ་བ་དང་གཙོ་གནད་བཅོས་སྒྲིག་གི་ཕན་འབྲས་དེ་བས་མངོན་གསལ་དོད་པ། སྡེ་ཚན་གྱི་གཞོགས་འདེགས་མཉམ་འགུལ་གྱི་ཕན་འབྲས་ཆེ་བ་བཅས་ཡོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།