ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དང་པོའི་ཚེས་དགུ་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། ཁེ་ལས་ཆུང་བར་དམིགས་པའི་ཀུན་ཕན་རང་བཞིན་གྱི་ཁྲལ་འཕྲི་བྱེད་ཐབས་སྐོར་ཞིག་ཡང་བསྐྱར་གཏན་འཁེལ་བྱེད་རྒྱུ་ཐག་བཅད་པ་དང་། ས་གནས་སྲིད་གཞུང་གི་ཆེད་སྤྱོད་བུན་འཛིན་མྱུར་དུ་འགྲེམ་སྤེལ་དང་བཀོལ་སྤྱོད་བྱས་ཏེ་འཛུགས་སྐྲུན་བྱེད་བཞིན་པའི་བཟོ་སྐྲུན་དང་དེ་མིན་ཞན་ཆ་ཁ་གསབ་ལས་གཞིའི་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པར་མ་ཟད་འཛད་སྤྱོད་རྒྱ་བསྐྱེད་པར་སྐུལ་ཁྲིད་བྱེད་རྒྱུར་བཀོད་སྒྲིག་བྱས་ཤིང་། ཞིང་བ་ལས་བཟོ་བར་གླ་ཕོགས་སྟེར་བར་འགན་སྲུང་བྱས་པའི་གནས་ཚུལ་སྐོར་གྱི་ཡར་ཞུ་ལ་ཉན་པ་དང་ཆད་འཇོག་བཅོས་སྐྱོང་དང་ཕོགས་སྟེར་འགན་སྲུང་བྱ་བ་བཟང་བོར་སྒྲུབ་པར་བཀོད་སྒྲིག་བྱས།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།