ཞི་ཅིན་ཕིང་དང་ཅི་པོའུ་ཐི་ཡི་ཙུང་ཐུང་གཉིས་ཀྱིས་ཀྲུང་གོ་དང་ཅི་པོའུ་ཐིའི་བར་འབྲེལ་བ་བཙུགས་ནས་ལོ་འཁོར40ལོན་པའི་ཐད་ནས་ཕན་ཚུན་ལ་རྟེན་འབྲེལ་ཞུ་བའི་གློག་འཕྲིན་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་ཅི་པོའུ་ཐི་ཡི་ཙུང་ཐུང་ཀའེ་ལའེ་གཉིས་ཀྱིས་ཟླ་དང་པོའི་ཚེས་བརྒྱད་ཉིན་ཕན་ཚུན་ལ་གློག་འཕྲིན་བཏང་སྟེ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུས།

ཞི་ཅིན་ཕིང་གིས་གློག་འཕྲིན་ནང་བསྟན་དོན། འབྲེལ་བ་བཙུགས་པའི་ལོ་ངོ་བཞི་བཅུའི་ནང་། ཀྲུང་གོ་དང་ཅི་པོའུ་ཐིའི་འབྲེལ་བ་བདེ་ཐང་དང་གཏན་འཇགས་ངང་འཕེལ་རྒྱས་སུ་སོང་བ་དང་། ཕྱོགས་གཉིས་ཀྱིས་ཕན་ཚུན་དང་འབྲེལ་བའི་ཁེ་ཕན་གཙོ་བོ་དང་དོ་སྣང་བྱེད་པའི་གནད་དོན་གལ་ཆེན་སྟེང་ཕན་ཚུན་རྒྱུས་ལོན་དང་རྒྱབ་སྐྱོར་བྱས་པས། ཁྱབ་ཁོངས་སོ་སོའོ་མཉམ་ལས་ཐད་ནས་གྲུབ་འབྲས་གཡུར་དུ་ཟ་བ་བླངས། 2017ལོའི་ཟླ་བཅུ་གཅིག་པར། ཙུང་ཐུང་ཁྱེད་ཀྱིས་ཀྲུང་གོར་རྒྱལ་དོན་འཚམས་འདྲི་མཛད་པ་དང་། ངེད་གཉིས་ཀྱིས་མཉམ་དུ་ཀྲུང་གོ་དང་ཅི་པོའུ་ཐིའི་བར་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་པ་ཁྱབ་བསྒྲགས་བྱས། ན་ནིང་གི་ཟླ་དགུ་པར་ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གྲོས་ཚོགས་སྐབས་སུ། ཀྲུང་གོ་དང་ཅི་པོའུ་ཐིའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བའི་ཐད་ནས་ངེད་གཉིས་བར་ཐུན་མོང་གི་ལྟ་བ་གསར་བ་བྱུང་བ་མ་ཟད། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་བཟོད་སྒོམ་བརྗེད་ཐོ་བཀོད་པར་བདེན་དཔང་བྱས། ངས་ཀྲུང་གོ་དང་ཅི་པོའུ་ཐིའི་འབྲེལ་བ་འཕེལ་རྒྱས་སུ་གཏོང་བར་ཧ་ཅང་མཐོང་ཆེན་བྱེད་ཀྱིན་ཡོད་པ་དང་། ཁྱེད་དང་མཉམ་དུ་འབད་འཐབ་ལྷོད་མེད་བྱེད་པ། རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་འཁོར་བཞི་བཅུ་ལོན་པ་དེ་གོ་སྐབས་སུ་བརྩིས་ཏེ། རྒྱལ་ཁབ་གཉིས་ཀྱི་ཆབ་སྲིད་ཡིད་རྟོན་སྲ་བརྟན་དུ་གཏོང་བ་དང་། རྒྱུད་གཅིག་ལམ་གཅིག་མཉམ་སྐྲུན་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ། ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མཉམ་ལས་གླེང་སྟེགས་པེ་ཅིན་མཐོ་རིམ་གྲོས་ཚོགས་ཀྱི་གྲུབ་འབྲས་ལག་བསྟར་བྱས་ནས། ཀྲུང་གོ་དང་ཅི་པོའུ་ཐིའི་འཐབ་ཇུས་གྲོགས་པོའི་འབྲེལ་བ་རྒྱུན་མ་ཆད་པར་ཆུ་ཚད་གསར་བ་ཞིག་ཏུ་བསླེབ་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།

ཀའེ་ལའེ་ཡིས་གློག་འཕྲིན་ནང་བསྟན་དོན། 1979ལོའི་ཟླ་དང་པོའི་ཚེས་བརྒྱད་ཉིན་ནི་ཅི་པོའུ་ཐི་དང་ཀྲུང་གོའི་ཕྱི་ཕྱོགས་འབྲེལ་བའི་རྨང་འདིང་རང་བཞིན་གྱི་དུས་སྐབས་ཡིན་ལ། ལོ་ངོ་བཞི་བཅུའི་རིང་། ཅི་པོའུ་ཐི་དང་ཀྲུང་གོའི་འབྲེལ་བ་བདེ་བླག་ངང་གོང་འཕེལ་དུ་སོང་བར་ང་རང་ཡིད་ཚིམ་ཡོད་ལ་དགའ་སྤྲོས་ཁེངས་ཡོད། 2017ལོའི་ཟླ་བཅུ་གཅིག་པར། ངེད་གཉིས་ཀྱིས་མཉམ་དུ་ཅི་པོའུ་ཐི་དང་ཀྲུང་གོའི་འབྲེལ་བ་དེ་འཐབ་ཇུས་གྲོགས་པོའི་འབྲེལ་བ་རུ་བསྒྱུར་རྒྱུའི་ཐག་བཅད་པ་དང་། དེས་ཕྱོགས་གཉིས་ཀྱིས་ཅི་པོའུ་ཐི་དང་ཀྲུང་གོའི་འབྲེལ་བ་གཏིང་ཟབ་ཏུ་གཏོང་བའི་ཆོད་སེམས་མཚོན་ལ། རྒྱལ་ཁབ་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་མཉམ་ལས་ཐད་ཁ་ཕྱོགས་གསལ་བོ་བསྟན། པི་པོའུ་ཐི་ཡིས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱིས་རོགས་རམ་དང་རྒྱབ་སྐྱོར་ཆེན་པོ་བྱས་པར་བཀའ་དྲིན་ཞུ་བཞིན་ཡོད་པ་དང་། མུ་མཐུད་དུ་བློ་བརྟན་འགྱུར་མེད་ཀྱིས་ཀྲུང་གོ་གཅིག་གི་རྩ་དོན་ལག་བསྟར་བྱེད་རྒྱུ་ཡིན་ལ། ངས་ཁྱེད་དང་མཉམ་དུ་འབད་འཐབ་བྱས་ནས། ཅི་པོའུ་ཐི་དང་ཀྲུང་གོའི་འབྲེལ་བ་རྒྱུན་མ་ཆད་པར་སྔར་ལས་འཕེལ་རྒྱས་སུ་གཏོང་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།