ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་པེ་ཅིན་ནས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་ཡོངས་དྲིལ་སྒྲོག་པུའུ་ཡི་པུའུ་ཀྲང་གྲོས་ཚོགས་ཚེས་དྲུག་ཉིན་པེ་ཅིན་ནས་བསྡུས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཝང་ཧུའུ་ཉིང་ཚོགས་འདུར་ཞུགས་ནས་གཏམ་བཤད། ཁོས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློ་ཁྲིད་སྟོན་དུ་བཟུང་ནས། འདུ་ཤེས་བཞི་དང་ཡིད་རྟོན་བཞི་སྔར་ལས་ཇེ་དྲག་ཏུ་བཏང་ཐོག སྲུང་སྐྱོབ་བྱེད་དགོས་པ་གཉིས་ལེགས་པར་བསྒྲུབ་ནས། དམངས་སེམས་གཅིག་བསྡུས་དང་མི་གསར་བ་གསོ་སྐྱོང་བྱེད་པ། རིག་གནས་བསྐྱར་དར་བྱེད་པ། སྣང་བརྙན་གསར་བ་མངོན་པ་བཅས་ཀྱི་འགན་འཁྲི་ཕྲག་སྟེང་དུ་བླངས་ཏེ། དྲིལ་སྒྲོག་བསམ་བློ་བྱ་བ་ཤུགས་ཆེན་པོས་སྤེལ་མཐར། ཏང་དང་རྒྱལ་ཁབ་ཀྱི་ལས་དོན་འཕེལ་རྒྱས་ལ་བསམ་བློའི་འགན་སྲུང་དང་སྙིང་སྟོབས་ཀྱི་ཁུར་འདེགས་འདོན་སྤྲོད་བྱེད་དགོས་ཟེར། 

ཝང་ཧུའུ་ཉིང་གིས་བསྟན་དོན། ད་ལོའི་དྲིལ་སྒྲོག་བསམ་བློ་བྱ་བ་བཟང་བོར་བསྒྲུབ་པ་ལ་ཅིས་ཀྱང་། བསམ་བློ་དང་ལག་ལེན་གཉིས་ཏང་ཀྲུང་དབྱང་གི་གནས་སྟངས་གསར་བར་ཚན་རིག་གི་ལམ་ནས་བརྡར་ཤ་ལེགས་པོ་གཅོད་པ་དང་ཇུས་ཆོད་བཀོད་སྒྲིག་གི་སྟེང་ནས་གཅིག་གྱུར་ཡོང་བར་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བསམ་བློར་སློབ་སྦྱོང་མཐར་ཕྱིན་དང་དངོས་འབེབས་མཐར་ཕྱིན་བྱེད་རྒྱུ་གཙོ་གནད་དུ་བཟུང་ནས། འགོ་ཁྲིད་ལས་བྱེད་པའི་གནད་འགག་གྲངས་ཉུང་གི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། ཞིབ་འཇུག་སྒྲོག་འགྲེལ་གཏིང་ཟབ་དང་དྲིལ་སྒྲོག་ཡོངས་ཁྱབ་ལ་ཤུགས་བསྣན་ནས། ཏང་གི་གསར་གཏོད་གཞུང་ལུགས་ཀྱིས་རང་ཉིད་ཀྱི་བསམ་བློ་བར་མེད་དུ་བརྒྱན་ནས། ལག་ལེན་ལ་མཛུབ་སྟོན་བྱེད་དགོས། ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པར་རྟེན་འབྲེལ་ཞུ་བའི་སྐོར་གྱི་ལས་རིམ་ཁག་སོ་སོའི་དྲིལ་སྒྲོག་བྱ་བར་གཅིག་གྱུར་བཀོད་སྒྲིག་གནང་རྒྱུ་དཀྱིལ་སྙིང་དུ་བཟུང་ནས། མཁའ་དབུགས་ལེགས་པོ་བསྐྲུན་པ་དང་འབད་འཐབ་ཀྱི་སྟོབས་ཤུགས་ཅི་ཡོད་གཅིག་ཏུ་བསྡུ་བར་འབད་དགོས་ཟེར། 

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི་ཏེན་ཞའོ་ཞང་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་སུང་ཁྲོན་ལན་ཚོགས་འདུར་ཞུགས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།