ཀྲུང་གོ་བོད་ཀྱི་དྲ་བ།

སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀྲའོ་ཁི་ཀྲི་ཡིས་ཧྥུའུ་ཅན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་ཨུ་ཡོན། སྤྱི་བདེ་པུའུ་ཡི་པུའུ་ཀྲང་ཀྲའོ་ཁི་ཀྲི་ཡིས་ཚེས་བཞི་ནས་ཚེས་དྲུག་ཉིན་བར་ཧྥུའུ་ཅན་ཞིང་ཆེན་གྱི་བྱ་བར་རྟོག་ཞིབ་བྱས་པར་མ་ཟད་གཞི་རིམ་གྱི་དམངས་དམག་ཉེན་རྟོག་པར་འཚམས་འདྲི་བྱེད་སྐབས་བསྟན་དོན། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་བཟུང་སྟེ། འདུ་ཤེས་བཞི་ཆགས་པར་བྱེད་པ་དང་ཡིད་རྟོན་བཞི་ཇེ་དྲག་ཏུ་གཏོང་དགོས་ལ། རྦད་ཆོད་སྒོས་སྲུང་སྐྱོབ་གཉིས་བཟང་བོར་བསྒྲུབ་པ་དང་འགན་འཁྲི་གསར་བ་ལག་ལེན་བྱས་ཏེ་དགའ་སྟོན་བདེ་འཇགས་འགན་སྲུང་བྱེད་པ་བརྗོད་དོན་གཙོ་བོ་བྱས་ནས་ད་ལོའི་སྤྱི་བདེ་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་པ་དང་། ཡིད་ཆེས་དང་ཆོད་སེམས་ཇེ་བརྟན་དུ་གཏོང་དགོས་ལ། ཧུར་ཐག་སྒོས་འབད་འཐབ་བྱེད་པ་དང་སྤོབས་པ་ཆེན་པོས་ཉེན་ཁ་དང་འགྲན་རྩོད་སྣ་ཚོགས་ལས་རྣམ་པར་རྒྱལ་བར་བྱེད་པར་མ་ཟད། རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོབ་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་བླངས་ཏེ་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་བདུན་ཅུ་ལོན་པར་བསུ་མ་བྱེད་དགོས་ཟེར།

ཀྲའོ་ཁི་ཀྲི་ཡིས་སྔ་གཞུག་ཏུ་ཞ་མིན་དང་ཧྥུའུ་ཀྲིག་སོགས་ཀྱི་སྤྱི་བདེ་གཞི་རིམ་ལས་ཁུངས་ལ་རྟོག་ཞིབ་བྱས་པ་དང་གཞི་རིམ་གྱི་ཕུལ་བྱུང་དམངས་དམག་ཉེན་རྟོག་པ་དང་དཀའ་ཁག་ཆེ་བའི་དམངས་དམག་ཉེན་རྟོག་པ་སོགས་ལ་འཚམས་འདྲི་བྱས་པར་མ་ཟད། བཞུགས་མོལ་ཚོགས་འདུ་བསྡུས་ཏེ་ཞིང་ཆེན་དང་གྲོང་ཁྱེར་ཁ་ཤས་ཀྱི་སྤྱི་བདེ་ལས་ཁུངས་ཀྱི་བསམ་འཆར་དང་གྲོས་གཞི་ལ་ཉན། ཁོས་བཤད་རྒྱུར། ད་ལོ་ནི་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པའི་ལོ་ཡིན་པ་དང་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་གནད་འགག་གི་ལོ་ཡང་ཡིན་པས། ཞིང་ཆེན་དང་གྲོང་ཁྱེར་གྱི་སྤྱི་བདེ་ལས་ཁུངས་ཀྱིས་བདེ་འཇགས་བྱ་བ་སྣ་ཚོགས་བཟང་བོར་བསྒྲུབ་དགོས་ཟེར། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།