ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱིས2020ལོའི་བར་རྒྱལ་ཁབ་ནགས་ཚལ་གྲོང་ཚོ20000འཛུགས་རྩིས་ཡོད་པ།

ཡོང་ཁུངས། : མཚོ་སྔོན་བོད་ཡིག་གསར་འགྱུར།     སྤེལ་དུས། : 2019-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཁབ་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལིའུ་ཏུང་ཧྲིན་གྱིས་ཟླ12པའི་ཚེས5ཉིན་བསྟན་དོན། རང་རྒྱལ་གྱིས་ནགས་ཚལ་གྲོང་ཚོ་འཛུགས་སྐྲུན་བྱ་རྒྱུ་ཐེག་བྱད་བྱས་ཏེ། གྲོང་ཚོ་ལྗང་བསྒྱུར་དང་མཛེས་བསྒྱུར་བྱེད་པའི་ཤུགས་ཚད་ཇེ་དྲག་ཏུ་གཏོང་བ་དང་། སྐྱེ་ཁམས་འཚོ་སྡོད་ལ་འཚམ་པའི་མཛེས་པའི་གྲོང་ཚོ་ཧུར་བརྩོན་གྱིས་བསྐྲུན་རྒྱུ་རེད།

ལིའུ་ཏུང་ཧྲིན་གྱིས་ཚེས5ཉིན་ཀོང་ཞི་ཀོས་ལིན་གྲོང་ཁྱེར་དུ་བསྡུས་པའི་རྒྱལ་ཡོངས་གྲོང་གསེབ་ལྗང་བསྒྱུར་མཛེས་སྒྱུར་ཡུལ་དངོས་ཚོགས་འདུའི་སྟེང་གོང་གི་ནང་དོན་འདི་བཤད་པ་རེད།

མིག་སྔར་རང་རྒྱལ་གྱི་ནགས་ཚལ་ཁེབས་ཚད་ནི21.66%ཡིན། སྐྱེ་ཁམས་ཐོན་ཁུངས་དཀོན་པ་དང་སྐྱེ་ཁམས་མ་ལག་ཞན་འགྱུར། ནགས་ཚལ་དང་ལྗང་མདོག་ཉུང་བ་བཅས་ནི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་ཀྱི་མི་འདང་ས་རེད། ལྷག་པར་དུ་དབུས་ནུབ་རྒྱུད་ས་ཁུལ་དུ་ད་དུང“སྡོང་པོ་མེད་པའི་སྡེ་བ”དང“སྡོང་པོ་མེད་པའི་ཁྱིམ་ཚང”མི་ཉུང་བ་ཞིག་ཡོད་པ་དང་། “རླུང་གཡུག་དུས་བྱེ་མས་ཁེངས་པ་དང་ཆར་འབབ་དུས་འདམ་གྱིས་ཁེངས་པའི”སྣང་ཚུལ་ས་ཁུལ་ཁ་ཤས་སུ་ཚད་མི་འདྲ་བར་གནས་འདུག་པས། གྲོང་ཚོའི་ལྗང་བསྒྱུར་མཛེས་བསྒྱུར་ལག་ཏུ་བསྟར་བ་ནི་ཁ་ཚ་དགོས་གཏུག་གི་དོན་དག་ཅིག་རེད། །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།