ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་དམག་དོན་བྱ་བའི་གྲོས་ཚོགས་ལ་ཞུགས་ནས་གཏམ་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1.jpg

ཚེས་བཞིའི་ཉིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་དམག་དོན་བྱ་བའི་གྲོས་ཚོགས་པེ་ཅིན་བསྡུས། ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་གལ་ཆེན་གནང་། 

2.jpg

ཚེས་བཞིའི་ཉིན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་དམག་དོན་བྱ་བའི་གྲོས་ཚོགས་པེ་ཅིན་བསྡུས། ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་གལ་ཆེན་གནང་། འདི་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་གྲོས་ཚོགས་ཀྱི་སྔོན་ལ་གཟེངས་བསྟོད་ཐོབ་པའི་དམག་ཡོངས་ཀྱི་གྲ་སྒྲིག་དམག་དཔུང་གི་དཔེ་མཚོན་ལས་ཁུངས་དང་དཔེ་མཚོན་དམག་མི་ལ་སྙིང་ཉེ་བའི་མཇལ་གནང་ནས་མཉམ་པར་བསྐྱོན་པའི་ཚུལ་རེད། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་དམག་དོན་བྱ་བའི་གྲོས་ཚོགས་ཚེས་བཞིའི་ཉིན་པེ་ཅིན་བསྡུས། ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་ཞི་ཅིན་ཕིང་གྲོས་ཚོགས་ལ་ཞུགས་པར་མ་ཟད་གཏམ་བཤད་གལ་ཆེན་གནང་། ཞི་ཅིན་ཕིང་གིས་བསྟན་དོན། དམག་ཡོངས་ཀྱིས་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་སྟོན་དུ་འཛིན་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་བ་དང་སྐབས་བཅུ་དགུ་བའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་བའི་ཏང་གི་སྟོབས་ལྡན་དམག་དཔུང་གི་བསམ་བློ་ལག་བསྟར་གཏིང་ཟབ་བྱེད་པ། དུས་རབས་གསར་བའི་དམག་དོན་འཐབ་ཇུས་བྱེད་ཕྱོགས་ལག་བསྟར་གཏིང་ཟབ་བཅས་བྱེད་དགོས་པར་མ་ཟད། འགོ་ཚུགས་ས་གསར་བའི་སྟེང་དམག་དོན་འཐབ་འཛིང་བྱེད་པའི་བྱ་བར་གྲ་སྒྲིག་བཟང་བོ་བྱས་ནས། སྟོབས་ལྡན་དམག་དཔུང་གི་ལས་དོན་ཐད་ལ་རྣམ་པ་གསར་བ་གསར་སྐྲུན་བྱེད་དགོས་ཟེར། 

ཞི་ཅིན་ཕིང་གིས་གཏམ་བཤད་ཁྲོད་བསྟན་དོན། ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པའི་ཚུན་ལ་རྙོག་འཛིང་ཆེ་བའི་རྒྱལ་ཁབ་ཕྱི་ནང་གི་གནས་བབ་དང་དཀའ་ཚེགས་ཆེ་བའི་དམག་དོན་འོས་འགན་ལ་ཁ་གཏད་ནས། ཏང་ཀྲུང་དབྱང་དང་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དུས་དཔགས་བབ་བསྟུན་དང་ཁྱོན་ཡོངས་གཅིག་འདོམས་བྱས་པ་དང་། དམག་ཡོངས་ཀྱི་སྣེ་ཁྲིད་ནས་བློ་རྩ་བརྟན་པོས་ཡར་རྒྱས་བརྩོན་ལེན་དང་དཀའ་དཀའ་སེལ་འགག་སྒྲོལ་བྱས་པར་མ་ཟད། དམག་དོན་བྱ་བར་འཐབ་འཛིང་གི་ཁྲོད་ནས་ཤུགས་སྣོན་པ་དང་གསར་སྐྲུན་གྱི་ཁྲོད་ནས་འཕེལ་རྒྱས་སུ་གཏོང་བ་བཅས་བྱས་ཏེ། མཚོན་བྱེད་རང་བཞིན་དང་གསར་སྐྲུན་རང་བཞིན། ལོ་རྒྱུས་རང་བཞིན་བཅས་ལྡན་པའི་གལ་ཆེ་བའི་གྲུབ་འབྲས་མང་པོ་བླངས་ཡོད་ཟེར། ཞི་ཅིན་ཕིང་གིས་བསྟན་དོན། དེང་སྐབས་ཀྱི་འཛམ་གླིང་ལོ་བརྒྱ་ལ་འཕྲད་མ་མྱོང་བའི་འགྱུར་ལྡོན་ཆེན་པོ་དང་འཕྲད་ཡོད་ལ། རང་རྒྱལ་གྱི་འཕེལ་རྒྱས་དེ་སྔར་བཞིན་འཐབ་ཇུས་ཀྱི་གོ་སྐབས་དུས་འཚམས་གལ་ཆེན་ཞིག་ཏུ་གནས་ཡོད་པས། ཚོད་དཔག་བྱེད་ཐུབ་པ་དང་ཚོད་དཔག་བྱེད་དཀའ་བའི་རིགས་སྣ་ཚོགས་ཀྱི་ཉེན་ཁ་དང་འགྲན་རྩོད་གང་མང་ཞིག་ཡོད། དམག་ཡོངས་ཀྱིས་རང་རྒྱལ་གྱི་བདེ་འཇགས་དང་འཕེལ་རྒྱས་ཀྱི་གནས་བབ་ཆེན་པོར་ཚོད་འཛིན་དང་ངོས་ཤེས་ཡང་དག་ཡོད་པར་བྱས་ཏེ། རྐྱེན་ངན་གྱི་འདུ་ཤེས་དང་ཉེན་ཁའི་འདུ་ཤེས། འཐབ་འཛིང་གི་འདུ་ཤེས་བཅས་ཇེ་དྲག་ཏུ་གཏོང་བ། དམག་དོན་འཐབ་འཛིང་སྤེལ་བར་གྲ་སྒྲིག་བྱེད་པའི་བྱ་བ་སྣ་ཚོགས་ནན་ཏན་གྱིས་བཟང་བོར་སྤེལ་ནས། ཏང་དང་མི་དམངས་ཀྱིས་བསྩལ་བའི་འོས་འགན་བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་ཡོངས་འགྲུབ་བྱེད་དགོས་ཟེར། 

ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས་ཀྱི་སྡེ་ཁག་སོ་སོ། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱས་ཏེ། ང་ཚོའི་དཔའ་འཛིང་རྟུལ་ཕོད་ཀྱི་མི་དམངས་དམག་དཔུང་འདི་སྔར་ལས་སྟོབས་ལྡན་དང་འཐབ་འཛིང་གི་ངར་ཤུགས་ལྡན་པའི་དཔུང་སྡེ་ཞིག་ཏུ་འཛུགས་སྐྲུན་བྱེད་དགོས་ཟེར། 

ཀྲུང་གུང་ཀྲུང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཞུའུ་ཆི་ལེང་གིས་གྲོས་ཚོགས་ལ་འགོ་འཛིན་བྱས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་གཞོན་པ་ཀྲང་ཡུག་ཞ་ཡིས་ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གིས་དམག་ཡོངས་ཀྱི་གྲ་སྒྲིག་དམག་དཔུང་གི་དཔེ་མཚོན་ལས་ཁུངས་དང་མི་སྒེར་ལ་གཟེངས་བསྟོད་བྱེད་པའི་འབྲེལ་ཡོད་གསལ་བསྒྲགས་སྒྲོག་འདོན་བྱས། དམག་ཡོངས་ཀྱི་གྲ་སྒྲིག་དམག་དཔུང་གི་དཔེ་མཚོན་ལས་ཁུངས་བཅུ་དང་དམག་ཡོངས་ཀྱི་གྲ་སྒྲིག་དམག་དཔུང་གི་དཔེ་མཚོན་དམག་མི་ཉི་ཤུ་ལ་གཟེངས་བསྟོད་བྱས། ཞི་ཅིན་ཕིང་སོགས་ཀྱིས་གཟེངས་བསྟོད་ཐོབ་མཁན་ལ་བྱ་དགའ་གནང་། ཀྲུང་དབྱང་དམག་ཨུའི་ཨུ་ཡོན་ཝེ་ཧྥིན་ཧི་དང་ལི་ཙོ་ཁྲིན། མའོ་ཧྭ། ཀྲང་ཧྲིན་མེན་བཅས་གྲོས་ཚོགས་ལ་ཞུགས་པ་དང་། ཀྲུང་དབྱང་དམག་ཨུའི་ལས་ཁུངས་ཀྱི་འབྲེལ་ཡོད་སྡེ་ཁག་དང་དམག་ཡོངས་ཀྱི་ལས་ཁུངས་སོ་སོའི་འགན་ཁུར་བློ་མཐུན་སོགས་ཀྱང་གྲོས་ཚོགས་ལ་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།