ཀྲུང་གོ་བོད་ཀྱི་དྲ་བ།

ཧུའུ་ཁྲུན་ཧྭས་གནད་སྨིན་ཇུས་འདོན་ལ་ཤུགས་བརྒྱབ་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་རྒྱལ་ཁ་ཕུ་ཐག་གཅོད་པར་རྒྱལ་ཁ་མཐའ་གཅིག་ཏུ་ལེན་དགོས་པའི་མཛུབ་སྟོན་གནང་།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས2ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཧུའུ་ཁྲུན་ཧྭ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཐིང་དུ་ལས་དོན་ལ་བརྟག་ཞིང་གནང་བར་ཕེབས་ཞིང་། ཁོང་གིས་དབུལ་སྐྱོར་ཁོངས་གཏོགས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་2019ལོའི་ལོ་གསར་གྱི་ཤིས་ཚིག་གསུང་སྐབས་གནང་བའི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་གྱི་མཛུབ་སྟོན་དགོངས་དོན་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐབས་ཇུས་བཀོད་སྒྲིག་གཞིར་བཟུང་། ཚད་མཐོའི་འགན་འཁྲི་འཁུར་སེམས་དང་དུས་ཚོད་ཀྱིས་མི་མི་སྒུག་པའི་ཁ་ཚ་དགོས་གཏུགས་ཀྱི་བསམ་པར་བརྟེན་པ། འགན་འཁྲི་དོན་འཁྱོལ་དང་ལས་དོན་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་པ། དམིགས་ཚད་ལ་གཞིགས་ནས་ངར་ཤུགས་སྒྲིམ་པ་བཅས་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམིགས་ཚད་ལས་འགན་དུས་བཀག་ལྟར་ལེགས་གྲུབ་ཐུབ་པའི་འགན་ལེན་བྱེད་དགོས་ཞེས་ནན་བཤད་གནང་བ་རེད།

ཧུའུ་ཁྲུན་ཧྭ་ཡིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པ་ནི་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་མཐའ་ཚད་ལས་འགན་ཞིག་ཡིན་པ་དང་། “ཞིང་གསུམ”ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེ་དང་དགོས་གལ་ནང་གི་དགོས་གཏུགས་ཡིན་པས་ངེས་པར་དུ་དོན་འཁྱོལ་ལ་དམ་འཛིན་བྱེད་པར་ཤུགས་སྣོན་དང་འགག་སྒྲོལ་ལ་སྐུལ་འདེད་གཏོང་བའི་ལས་ཀའི་ཕྱོགས་སྟོན་ལ་ཤུགས་སྣོན་བརྒྱབ་ནས་རོགས་སྐྱོར་བྱེད་ཐབས་ཁག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས། “སེམས་ཁྲལ་མེད་པ་གཉིས་དང་འགན་ལེན་གསུམ”ལ་འཕྲད་པའི་གནད་དོན་མངོན་གསལ་དོད་པོ་གཙོ་གནད་ཐག་གཅོད་ཡག་པོ་བྱས་ཏེ་གཞི་གྲངས་གསལ་རྟོགས་དང་སྲིད་ཇུས་བྱེད་ཐབས་དང་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་ནས་རྩིས་ཐོ་རེ་རེ་བཞིན་བསྡུར་ཞིབ་བྱས་ནས་ཐོ་སུབ་དགོས། སྟོབས་ཤུགས་གཅིག་སྡུད་ཀྱིས་ཤིན་ཏུ་དབུལ་བའི་ས་ཁུལ་གྱི་དབུལ་སྒྲོལ་འགག་སྒྲོལ་ལ་སྐུལ་འདེད་བཏང་སྟེ་དབུལ་སྐྱོར་སྲིད་ཇུས་དང་ཐོན་ཁུངས་གཟིགས་སྐྱོང་དང་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་དཀའ་གནད་ནང་གི་དཀའ་གནད་ལས་སྒྲོལ་ཐུབ་པ་བྱེད་དགོས། ས་གནས་ས་ཐོག་ཏུ་སྐུལ་འདེད་གཏོང་བར་ཤུགས་སྣོན་བརྒྱབ་སྟེ་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཕྱོགས་དང་པོར་དུས་ཐོག་ཏུ་གནས་དོན་ཤེས་རྟོགས་དང་ཐག་གཅོད་བྱས་ཏེ་ལས་དོན་དོན་འཁྱོལ་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས་ཞེས་གསུངས།

ཧུའུ་ཁྲུན་ཧྭ་ཡིས་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གཞུང་དོན་ཐིང་ནི་དབུལ་སྐྱོར་ཁོངས་གཏོགས་ཀྱི་སྣེ་ཁྲིད་དམག་ཅིག་ཡིན་པས་ཆབ་སྲིད་ལ་སྣང་ཆེན་དང་། དོན་འཁྱོལ་ལ་དམ་འཛིན། སྤྱོད་ཚུལ་སྒྱུར་བ་བཅས་ཀྱི་ཐད་མིག་དཔེ་སྟོན་པ་དང་། རང་འགན་གཙང་སྒྲུབ་ནན་ཏན་བྱེད་པ། སྤྱི་འདོམས་མཐུན་སྦྱོར་ལ་ཤུགས་སྣོན་བརྒྱབ་སྟེ་ལྟེ་བའི་ནུས་པ་སྔར་བས་འདོན་སྤེལ་གང་ལེགས་བྱེད་དགོས། རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་པ་དང་དབུལ་སྐྱོར་ལས་བྱེད་པར་སེམས་ཁུར་དང་གཅེས་སྐྱོང་བྱས་ཏེ་ལས་ཀ་དང་འཚོ་བའི་ཁྲོད་ཀྱི་དཀའ་ངལ་དངོས་སེལ་རོགས་བྱེད་པར་དུས་ཐོག་ཏུ་སྐུལ་འདེད་གཏོང་དགོས། དུས་ཚིགས་དང་པོའི་ལས་དོན་ཏན་ཏིག་དང་ནུས་ལྡན་སྒྲུབ་པ་དང་། ས་གནས་ཁག་དང་སྡེ་ཚན་ཁག་གིས་དཔྱིད་དུས་ཀྱི་ལས་དོན་ཏན་ཏིག་སྤེལ་བར་སྐུལ་འདེད་བཏང་ནས་ལོ་ཧྲིལ་པོའི་དབུལ་སྒྲོལ་འགག་སྒྲོལ་ལས་དོན་གྱི་འགོ་ཡག་པོ་ཞིག་བཙུགས་དགོས་ཞེས་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།