ཀྲུང་གོ་བོད་ཀྱི་དྲ་བ།

རང་རྒྱལ་གྱི་འཇིག་རྟེན་འཕུར་གྲུ་འཕེན་གཏོང་བྱེད་ཚད་ཐོག་མར་འཛམ་གླིང་གི་ཨང་དང་པོར་སླེབས་པ།

ཡོང་ཁུངས། : མི་དམངས་ཉིན་རེའི་ཚགས་པར།     སྤེལ་དུས། : 2019-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  2018ལོར་རང་རྒྱལ་གྱི་འཇིག་རྟེན་འཕུར་གྲུ་འཕེན་གཏོང་བྱེད་ཚད་ཐོག་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཤིང་། 2018ལོའི་ཟླ12ཚེས31ཉིན་བར་རང་རྒྱལ་གྱིས་ལོ་ཧྲིལ་པོར་འཇིག་རྟེན་འཕུར་གྲུ་ཐེངས39འཕེན་གཏོང་བྱས་པའི་གྲུབ་འབྲས་བཏོད་ནས་ཨ་རི་དང་ཨུ་རུ་སུ་ལས་བརྒལ་ཏེ་ཐོག་མར་འཛམ་གླིང་གི་ཨང་དང་པོར་སླེབས་ཡོད།

2018ལོར་གོ་ལ་ཧྲིལ་པོས་ཁྱོན་འཇིག་རྟེན་འཕུར་གྲུ་ཐེངས114འཕེན་གཏོང་བྱས་པའི་ནང་། ཀྲུང་གོ་ཕུད། ཨ་རིས་ཐེངས34དང་། ཨུ་རུ་སུས་ཐེངས20 ཡོ་རོབ་བར་སྣང་ཅུས་ཀྱིས་ཐེངས8 རྒྱ་གར་གྱིས་ཐེངས7 རི་པིན་གྱིས་ཐེངས6བཅས་འཕེན་གཏོང་བྱས་ཡོད་པ་རེད།

2018ལོ་ནི་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ40འཁོར་བའི་ལོ་ཡིན་ཞིང་། 1978ལོར་ཀྲུང་གོས་འཇིག་རྟེན་འཕུར་གྲུ་ཐེངས་གཅིག་འཕེན་གཏོང་བྱས་ནས་སྲུང་སྐར་གཅིག་བར་སྣང་དུ་བསྐྱལ་ཡོད། 2018ལོར་ཀྲུང་གོའི་སྐྱེལ་འདྲེན་མེ་ཤུགས་འཕུར་མདའ་དགུ་པས་སྲུང་སྐར103དང་མིའི་རིགས་ཀྱི་ཟླ་བའི་གོ་ལའི་རྒྱབ་ཕྱོགས་ཀྱི་འཚོལ་ཞིབ་ཡོ་ཆས་ཐོག་མ་སྟེ“ཟླ་བའི་ལྷ་མོ་རྟགས་ཅན་ཨང་བཞི་པ”བདེ་བླག་ངང་འཕེན་གཏོང་བྱས་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།