ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དང་པོའི་ཚེས་གཉིས་ཉིན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་འགོ་འཛིན་མཛད་དེ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་གྲོས་ཚོགས་བསྡུས་ཏེ། རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དང་བསྡུར་ནས་ཕྱོགས་བསྡུས་ཁྲལ་སྲུང་ཁུལ་རིམ་འཕར་ལ་སྐུལ་འདེད་བཏང་སྟེ་ཆུ་ཚད་མཐོ་བའི་སྒོ་འབྱེད་སྟེགས་བུ་གསར་བ་གསར་སྐྲུན་བྱེད་པར་བཀོད་སྒྲིག་བྱས་པ་དང་། སྟབས་བདེ་ཅན་གྱི་བཅོས་སྒྱུར་བྱེད་ཐབས་གཏན་འཁེལ་བྱས་ཏེ་ཁེ་ལས་ལ་བསམ་འཆར་ཆེ་བའི་ཐོ་ཁོངས་ནས་གསུབ་དཀའ་བའི་གནད་དོན་ཐག་གཅོད་རྒྱུ་གཏན་འཁེལ་བྱས།

ཚོགས་ཐོག་ནས་བསྟན་དོན། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཁྱོན་ཡོངས་ནས་སྒོ་འབྱེད་ཀྱི་རྣམ་པ་གསར་བ་ཆགས་པར་སྐུལ་འདེད་གཏོང་བའི་སྐོར་གྱི་ཐབས་ཇུས་དང་བཀོད་སྒྲིག་ལྟར། ཕྱོགས་བསྡུས་ཁྲལ་སྲུང་ཁུལ་གྱི་ཚོང་གཉེར་ཁོར་ཡུག་འཐུས་ཚང་དུ་གཏོང་བ་དང་ཉོ་ཚོང་དང་དངུལ་གཏོང་སྟབས་བདེ་ཅན་ལ་སྐུལ་འདེད་བཏང་ན། ཕྱི་ཕྱོགས་ཉོ་ཚོང་བརྟན་འཇགས་དང་ཕྱི་ཕྱོགས་དངུལ་བསྡུ་བརྟན་འཇགས་བྱེད་པ་དང་ལུགས་མཐུན་གྱི་ཕྱིར་གཏོང་ནང་འདྲེན་གཞི་ཁྱོན་སྲུང་འཛིན་བྱེད་པ། ཕྱི་ཕྱོགས་སྒོ་འབྱེད་ཐད་རྣམ་པ་གསར་བ་གསར་སྐྲུན་བྱེད་པར་ཕན་པ་ཡོད་པར་མ་ཟད་རྒྱལ་ནང་གི་ཚོང་ར་གསོ་སྐྱོང་དང་ནང་མཁོའི་སྦས་ཤུགས་ཇེ་ཆེར་གཏོང་བར་ཕན་པ་ཡོད་ཟེར།

ཚོགས་ཐོག་ཏུ་གཅིག་ནས་ཐོ་ཁོངས་ནས་གསུབ་པའི་གོ་རིམ་སྟབས་བདེ་རུ་གཏོང་རྒྱུ་དང་གཉིས་ནས་ཁྲལ་དོན་དང་སྤྱི་ཚོགས་འགན་སྲུང་། ཚོང་དོན། སྒོ་ཁྲལ་སོགས་ཐོ་ཁོངས་ནས་གསུབ་པའི་འགྲོ་ལུགས་སྟབས་བདེ་རུ་གཏོང་བ། གསུམ་ནས་ཁེ་ལས་ཐོ་ཁོངས་ནས་གསུབ་པར་དྲ་བའི་ཞབས་ཕྱི་ལག་བསྟར་བྱེད་རྒྱུ་ཐག་བཅད།

ཚོགས་ཐོག་ནས་ད་དུང་དོན་དག་གཞན་དག་ལ་ཞིབ་འཇུག་བྱས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།