ཀྲུང་གོ་བོད་ཀྱི་དྲ་བ།

ཐེ་ཝན་སྤུན་ཟླ་ལ་ཞུ་བའི་འཕྲིན་ཡིག་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པར་དྲན་གསོ་ཞུ་བའི་ཚོགས་འདུ་པེ་ཅིན་ནས་གཟབ་རྒྱས་ངང་ཚོགས་པ་དང་ཞི་ཅིན་ཕིང་གིས་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

༡.jpg

ཟླ་དང་པོའི་ཚེས་གཉིས་ཉིན་གྱི་སྔ་དྲོར། ཐེ་ཝན་སྤུན་ཟླ་ལ་ཞུ་བའི་འཕྲིན་ཡིག་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པར་དྲན་གསོ་ཞུ་བའི་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་དྲན་གསོ་ཞུ་བའི་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་། 

༢.jpg

ཟླ་དང་པོའི་ཚེས་གཉིས་ཉིན་གྱི་སྔ་དྲོར། ཐེ་ཝན་སྤུན་ཟླ་ལ་ཞུ་བའི་འཕྲིན་ཡིག་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པར་དྲན་གསོ་ཞུ་བའི་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ་དང་པོའི་ཚེས་གཉིས་ཉིན་གྱི་སྔ་དྲོར། ཐེ་ཝན་སྤུན་ཟླ་ལ་ཞུ་བའི་འཕྲིན་ཡིག་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པར་དྲན་གསོ་ཞུ་བའི་ཚོགས་འདུ་མི་དམངས་ཚོགས་ཁང་ཆེན་མོའི་ནང་གཟབ་རྒྱས་ངང་ཚོགས། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་དྲན་གསོ་ཞུ་བའི་ཚོགས་འདུར་ཞུགས་ཏེ་གསུང་བཤད་གལ་ཆེན་གནང་བར་མ་ཟད་མེས་རྒྱལ་གྱི་སྐམ་ས་ཆེན་མོའི་མི་དམངས་ཀྱི་ཚབ་མཛད་དེ་རྒྱ་ཆེའི་ཐེ་ཝན་སྤུན་ཟླ་རྣམས་ལ་ལྷག་བསམ་རྣམ་དག་སྒོས་འཚམས་འདྲི་དང་སྨོན་འདུན་བཟང་བོ་ཞུས།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ལིས་ཀྲན་ཧྲུའུ་དྲན་གསོ་ཞུ་བའི་ཚོགས་འདུར་ཞུགས་པ་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་འཛིན་མཛད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། གཅིག་དགུ་ཞེ་དགུ་ལོའི་ཚུན་ལ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོ་སྲིད་གཞུང་། ཀྲུང་གོ་མི་དམངས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་ཐེ་ཝན་གནད་དོན་ཐག་གཅོད་པ་དང་མེས་རྒྱལ་མཐའ་གཅིག་ཏུ་གཅིག་གྱུར་ཡོང་བར་བྱེད་པ་དེ་འགྱུར་བ་མེད་པའི་ལོ་རྒྱུས་ལས་འགན་ཞིག་ཏུ་བརྩི་བཞིན་ཡོད། ང་ཚོས་ཐེ་ཝན་སྤུན་ཟླར་མཐུན་སྒྲིལ་དམ་པོ་བྱས་ཏེ་ཐེ་ཝན་དང་མཚོ་འགག་གནས་བབ་དེ་ཛ་དྲག་ཁ་གཏད་དུ་ལངས་པ་ནས་ཞི་འཇགས་ལེགས་བཅོས་སུ་སྐྱོད་པ་དང་ཞི་བའི་འཕེལ་རྒྱས་བགྲོད་ལམ་དུ་སྐྱོད་པར་སྐུལ་འདེད་བཏང་བས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་དེ་ཚད་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། ལོ་རྒྱུས་ལ་ཕྱིར་དྲན་བྱེད་པ་ནི་ད་ལྟར་བློ་སྒོ་འབྱེད་པ་དང་མ་འོངས་པར་སྔོན་དཔག་བྱེད་པའི་དོན་དུ་ཡིན། མེས་རྒྱལ་ཅིས་ཀྱང་གཅིག་གྱུར་བྱེད་དགོས་པ་དང་ངེས་པར་དུ་གཅིག་གྱུར་བྱེད་དགོས། དེ་ནི་ལོ་བདུན་ཅུ་འགོར་བའི་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་བརྒྱུད་རིམ་ཁྲོད་དུ་ཚིག་ཐག་བཅད་པ་དང་། དུས་རབས་གསར་པའི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་དགོས་ངེས་རེ་བ་ཡང་ཡིན། མཚོ་འགག་འགྲམ་གཉིས་ཀྱི་ཀྲུང་གོ་བ་དང་རྒྱལ་ཁབ་ཕྱི་ནང་གི་ཀྲུང་ཧྭའི་བུ་དང་བུ་མོས་མི་རིགས་ཀྱི་དྲང་བདེན་མཉམ་ཁུར་བྱེད་པ་དང་ལོ་རྒྱུས་ཀྱི་གནས་བབ་ཆེན་པོ་དང་བསྟུན་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བ་དང་མེས་རྒྱལ་ཞི་བའི་གཅིག་གྱུར་གྱི་འཕེལ་རིམ་ལ་མཉམ་དུ་སྐུལ་འདེད་གཏོང་དགོས་ཟེར།

ཞི་ཅིན་ཕིང་གིས་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་ནས་མེས་རྒྱལ་གཅིག་གྱུར་ཡོང་བར་བྱེད་པའི་ཐད་ལ་འདོད་ཚུལ་ལྔ་བཏོན། གཅིག ལག་རྡང་སྦྲེལ་ཏེ་མི་རིགས་བསྐྱར་དར་ལ་སྐུལ་འདེད་བཏང་ནས་ཞི་བའི་གཅིག་གྱུར་དམིགས་འབེན་མངོན་འགྱུར་བྱེད་དགོས། གཉིས། ལམ་ལུགས་གཉིས་ཀྱི་ཐེ་ཝན་ཇུས་གཞི་འཚོལ་ཞིབ་བྱས་ཏེ་ཞི་བའི་གཅིག་གྱུར་གྱི་ལག་ལེན་ཕུན་སུམ་ཚོགས་པར་གཏོང་དགོས། གསུམ། ཀྲུང་གོ་གཅིག་གི་རྩ་དོན་རྒྱུན་འཁྱོངས་བྱས་ཏེ་ཞི་བའི་གཅིག་གྱུར་གྱི་མདུན་ལྗོངས་ལ་སྲུང་སྐྱོབ་བྱེད་དགོས། བཞི། མཚོ་འགག་འགྲམ་གཉིས་མཉམ་བསྲེས་སྒོས་འཕེལ་རྒྱས་སུ་བཏང་ནས་ཞི་བའི་གཅིག་གྱུར་རྨང་གཞི་སྲ་བརྟན་དུ་གཏོང་དགོས། ལྔ། སྤུན་ཟླའི་སེམས་ཤུགས་གཅིག་ཏུ་སྒྲིལ་ནས་ཞི་བའི་གཅིག་གྱུར་གྱི་ཁས་ལེན་ཚད་ཇེ་ཆེར་གཏོང་དགོས་པ་བཅས་རེད།

ཞི་ཅིན་ཕིང་གིས་གསུངས་རྒྱུར། རྒྱལ་ཁབ་ཀྱི་རེ་བ་དང་མི་རིགས་ཀྱི་མ་འོངས་པ་ན་གཞོན་རྣམས་ལ་ཐུག་ཡོད། མཚོ་འགག་འགྲམ་གཉིས་ཀྱི་ན་གཞོན་རྣམས་ཀྱིས་སྤོབས་པ་ཆེན་པོས་འགན་འཁྲི་ལྕི་མོ་ཁུར་ཞིང་མཐུན་སྒྲིལ་མཛའ་བཤེས་ཇེ་ཟབ་ཏུ་གཏོང་བ་དང་ལག་རྡང་སྦྲེལ་ནས་འབད་པ་བྱེད་དགོས། ང་ཚོས་ཐེ་ཝན་གྱི་ན་གཞོན་རྣམས་མེས་རྒྱལ་གྱི་སྐམ་ས་ཆེན་པོར་ཡོང་སྟེ་ཕུགས་འདུན་ལ་རེ་སྙེག་དང་ཕུགས་འདུན་མངོན་འགྱུར་བྱེད་པར་དགའ་བསུ་ཞུས་པ་ཡིན། མཚོ་འགག་འགྲམ་གཉིས་ཀྱི་ཀྲུང་གོ་བས་མཐུན་སྒྲིལ་དམ་པོ་བྱེད་པ་དང་སེམས་ཤུགས་གཅིག་ཏུ་སྒྲིལ་ནས། སྤུན་ཟླར་བདེ་སྐྱིད་སྐྲུན་པ་དང་མི་རིགས་ལ་མཛེས་པའི་མ་འོངས་ཞིག་གསར་སྐྲུན་བྱེད་དགོས་ཟེར།

ཝང་དབྱང་གིས་དྲན་གསོ་ཞུ་བའི་ཚོགས་འདུར་འགོ་འཛིན་མཛད་སྐབས་གསུངས་རྒྱུར།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་གནང་བའི་གསུང་བཤད་གལ་ཆེན་ལས་ཀྲུང་གོ་གསར་བ་དབུ་བརྙེས་ནས་ལོ་འཁོར་བདུན་ཅུ་ལོན་པ་དང་ལྷག་པར་དུ་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཐེ་ཝན་སྤུན་ཟླ་ལ་ཞུ་བའི་འཕྲིན་ཡིག་སྤེལ་ནས་ལོ་བཞི་བཅུ་ལོན་པའི་རིང་གི་མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བའི་འཕེལ་རྒྱས་བརྒྱུད་རིམ་ལ་ཁྱོན་ཡོངས་ནས་ཕྱིར་དྲན་བྱས་པ་དང་། ང་ཚོས་དུས་རབས་གསར་པར་རྐང་འཛུགས་པ་དང་མེས་རྒྱལ་ཞི་བའི་གཅིག་གྱུར་ལ་སྐུལ་འདེད་གཏོང་བའི་སྲིད་ཇུས་དང་འདོད་ཚུལ་ཁྱོན་ཡོངས་ནས་རྒྱས་བཤད་བྱས་ཡོད། ང་ཚོས་ནན་ཏན་སྒོས་སློབ་སྦྱོང་དང་གོ་བ་ཟབ་མོ་ལེན་པ་དང་ལག་བསྟར་དང་དངོས་འབེབས་བཟང་བོ་བྱེད་དགོས་ལ། བློ་མཐུན་ཞི་ཅིན་ཕིང་སྲོག་ཤིང་ཡིན་པའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་མཐུན་སྒྲིལ་དམ་པོ་བྱས་ཏེ། ཐོག་མའི་སེམས་འདུན་མི་བརྗེད་པར་འགན་འཁྲི་ཡིད་ལ་དམ་པོ་བཅངས་ནས། མཚོ་འགག་འགྲམ་གཉིས་ཀྱི་འབྲེལ་བ་ཞི་བས་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་བརྩོན་ལེན་བྱེད་པ་དང་མེས་རྒྱལ་ཞི་བའི་གཅིག་གྱུར་གྱི་ལས་དོན་ཆེན་པོ་ཡོངས་འགྲུབ་བྱེད་པར་འབད་བརྩོན་ལྷོད་མེད་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན་ཁ་ཤས་དང་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་། རྒྱལ་ཡོངས་སྲིད་གྲོས། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་འབྲེལ་ཡོད་འགོ་ཁྲིད་བློ་མཐུན་དྲན་གསོ་ཞུ་བའི་ཚོགས་འདུར་ཞུགས།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།