ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི་ལོ་སར་ཤིས་ཚིག་གིས་དཔོན་དམག་ཚོ་བྱས་རྗེས་འཇོག་པ་དང་དམག་དཔོན་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ལམ་གསར་བར་ཞུགས་པར་སྐུལ་འདེད་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕུལ་བའི་ལོ་སར་གྱི་ཤིས་ཚིག་གིས་དམག་ཡོངས་དང་དྲག་ཆས་ཉེན་རྟོག་དམག་དཔུང་ཁྲོད་ཚུར་སྣང་ཆེན་པོ་བསླངས།

ཞི་ཅིན་ཕིང་གི་ལོ་སར་ཤིས་ཚིག་ལ་བལྟ་ཉན་བྱས་རྗེས། དཔོན་དམག་ཚོས་དེ་ནི་ལོ་སར་གྱི་སྨོན་འདུན་དང་རེ་སྒུག་ཡིན་ལ། མི་རིགས་བསྐྱར་དར་གྱི་རླབས་ཆེན་ལས་དོན་ཐད་ཀྱི་སྐུལ་ལྕག་དང་བཀའ་བརྡ་ཡང་ཡིན་པ་དང་། བཅོས་སྒྱུར་ལ་བརྟེན་ནས་དམག་དཔུང་སྟོབས་ལྡན་དུ་བསྒྱུར་བའི་འཐབ་ལམ་གསར་བའི་དུས་རབས་ཀྱི་དུང་བརྡ་དེ་ལས་ཀྱང་ཡིན་ཞེས་བསྟན།

དཔའ་བོ་དཔེ་ལེགས་ཅན་ལ་བརྩི་མཐོང་དང་སློབ་སྦྱོང་བྱེད་པ་དང་། དཔའ་བོ་དཔེ་ལེགས་ཅན་བྱེད་པར་བརྩོན་ལེན་བྱེད་རྒྱུ་ནི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ལོ་སར་གྱི་ཤིས་ཚིག་ནང་བཏོན་པའི་འོད་འཚེར་བའི་ཐ་སྙད་ཡིན་ལ། དེས་དམག་དཔུང་གསུམ་ལ་སྐུལ་སློང་བྱེད་པ་དང་དམག་མིའི་དཔའ་ངར་ཆེ་རུ་བསྐྱེད་ཐུབ།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།