ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་ལ་ན་གཞོན་སློབ་མ་རྣམས་ཀྱི་དོ་སྣང་ཆེན་པོ་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ12པའི་ཚེས18ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བཅོས་སྒྱུར་སྒོ་འབྱེད་བྱས་ནས་ལོ་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་སྟེང་གནང་བའི་གསུང་བཤད་ལ་ན་གཞོན་སློབ་མ་རྣམས་ཀྱི་དོ་སྣང་ཆེན་པོ་ཐོབ། ཚང་མས་བཤད་རྒྱུར། རླབས་ཆེན་བཅོས་སྒྱུར་སྒོ་འབྱེད་ཀྱི་སྙིང་སྟོབས་དར་སྤེལ་བྱས་ཏེ། ལོ་རྒྱུས་ཀྱི་སྒྱུར་བཅོས་གོ་སྐབས་དམ་འཛིན་བྱེད་པ་དང་དཀའ་སྤྱད་འབད་བརྩོན་དང་གསར་གཏོད་བརྩོན་ལེན་བྱས་ནས། དུས་རབས་གསར་བར་བཅོས་སྒྱུར་སྒོ་འབྱེད་སྔར་ལས་མདུན་སྐྱོད་བྱེད་ངེས་ཡིན་ཟེར།

རྒྱ་ཆེའི་ན་གཞོན་སློབ་མ་རྣམས་ཀྱིས་བཤད་རྒྱུར། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངག་བཅོལ་ཡིད་ལ་དམ་པོར་བཟུང་སྟེ་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་སྐབས་བཅོས་སྒྱུར་གསར་སྐྲུན་བྱེད་པ་དང་སྤོབས་པ་ཆེན་པོས་མདུན་སྐྱོད་བྱེད་ངེས་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།