ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཡོངས་སྲིད་གྲོས་ཀྱིས་དྲ་ཐོག་སྲིད་གླེང་གྲོས་མོལ་ཚོགས་འདུ་བསྡུས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123866588_15450580465461n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ12པའི་ཚེས17ཉིན' རྒྱལ་ཡོངས་སྲིད་གྲོས་ཀྱིས་པེ་ཅིན་ནས་དྲ་ཐོག་སྲིད་གླེང་གྲོས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་། 

རྒྱལ་ཡོངས་སྲིད་གྲོས་ཀྱིས་ཟླ་བཅུ་གཉིས་པའི་ཚེས་བཅུ་བདུན་ཉིན་པེ་ཅིན་ནས་དྲ་ཐོག་སྲིད་གླེང་གྲོས་མོལ་ཚོགས་འདུ་བསྡུས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་གིས་ཚོགས་འདུར་འགོ་མཛིན་མཛད་པར་མ་ཟད་གསུང་བཤད་གནང་། ཁོང་གིས་ནན་གྱིས་བསྟན་དོན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་སྐོར་གྱི་དགོངས་པར་རྒྱུས་ལོན་གཏིང་ཟབ་དང་ལག་ལེན་མཐར་ཕྱིན་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་བ་འཛུགས་པ། གསར་གཏོད་ཀྱི་སྣེ་ཁྲིད་འབུར་ཐོན་བྱེད་པ། ཁྲིམས་སྐྱོང་འགན་སྲུང་དང་སྲིད་ཇུས་ཀྱི་མཐུན་སྦྱོར་ཇེ་དྲག་ཏུ་བཏང་སྟེ། མྱུར་སྐྱེལ་ལས་རིགས་དེ་མགྱོགས་མྱུར་སྒོས་འཕར་སྣོན་བྱུང་བ་ནས་སྤུས་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་སུ་བསྒྱུར་བར་སྐུལ་འདེད་གཏོང་དགོས་ཟེར།

ཨུ་ཡོན་བཅོ་ལྔས་རྒྱལ་ཡོངས་སྲིད་གྲོས་ལས་ཁུངས་དང་པེ་ཅིན། ཅང་སུའུ། ཧྥུའུ་ཅན། ཟི་ཁྲོན་སོགས་ཚོགས་ར་ལྔ་དང་ལག་ཁྱེར་ཁ་པར་དང་ཡང་ན་གློག་ཀླད་དྲ་སྦྲེལ་གྱི་རྣམ་པ་བརྒྱུད་གཏམ་བཤད་པ་དང་། ཨུ་ཡོན་ཉིས་བརྒྱས་སྤོ་སྒུལ་འགན་སྒྲུབ་སྟེགས་བུ་བརྒྱུད་དེ་བསམ་འཆར་བཤད། ཨུ་ཡོན་ཚོས། ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱི་མྱུར་སྐྱེལ་ལས་རིགས་འཕེལ་རྒྱས་སུ་སོང་བ་ཧ་ཅང་མགྱོགས་པ་དང་། ལས་སྒོའི་གཞི་ཁྱོན་རྒྱུན་མཐུད་ངང་རྒྱ་བསྐྱེད་ལ། ཞབས་ཞུའི་ཆུ་ཚད་རྒྱུན་མ་ཆད་པར་ཇེ་ལེགས་སུ་བཏང་སྟེ། དངོས་ཟོག་སྐྱེལ་འདྲེན་གྱི་ལས་ཆོད་ཇེ་མཐོར་བཏང་བ་མ་ཟད། མང་ཚོགས་ཀྱི་ཐོན་སྐྱེད་འཚོ་བའི་ཐད་སྟབས་བདེ་ཆེན་པོ་བསྐྲུན། དེ་དང་མཉམ་དུ། མྱུར་སྐྱེལ་ཐོན་ལས་འཕེལ་རྒྱས་ཀྱི་རྣམ་པ་མི་བཟང་བ་དང་། ཐོན་ཁུངས་ཀྱི་འགྲོ་གྲོན་ཆེ་ལ།   ཁོར་ཡུག་བཙོག་བཟོའི་ཚད་ཆེ་བ་སོགས་ཀྱི་གནད་དོན་ཉིན་རེ་བཞིན་འབུར་ཐོན་ཡིན་པས། ཚང་མས་ཧ་ཅང་མཐོང་ཆེན་བྱེད་འོས་པར་མ་ཟད་མྱུར་དུ་ཐག་གཅོད་དགོས་པའི་ཚུལ་བསྟན།

ཨུ་ཡོན་ཚོས། མྱུར་སྐྱེལ་ལས་རིགས་དེ་གྲོང་ཁྱེར་དང་ལས་རིགས། ཁྱིམ་ཚང་དང་མི་མང་པོ་དང་འབྲེལ་བ་ཡོད་པས། མྱུར་སྐྱེལ་ལས་རིགས་ལྗང་མདོག་འཕེལ་རྒྱས་སུ་གཏོང་རྒྱུ་ནི་བཟོ་སྐྲུན་གལ་ཆེན་ཞིག་ཡིན་ལ། རྩ་ལག་མཉམ་བཅོས་དང་ཕྱོགས་བསྡུས་སྒོས་བྱེད་ཐབས་སྤྱོད་དགོས། ཁྲིམས་སྐྱོང་འཛུགས་སྐྲུན་ལ་ཤུགས་སྣོན་པ་དང་། མྱུར་སྐྱེལ་གྱི་ད་སྤྱོད་སྲོལ་ཡིག་སོགས་ཁྲིམས་ལུགས་ཁྲིམས་སྲོལ་ལ་བཟོ་བཅོས་བྱེད་པ། ཆ་སྡེབས་སྒྲིག་སྲོལ་འཐུས་ཚང་དུ་བཏང་སྟེ། མྱུར་སྐྱེལ་ཐད་ཀྱི་བཙོག་བཟོ་དེ་ཁྲིམས་སྲོལ་ལམ་ལུགས་ཀྱི་ཁྱབ་ཁོངས་སུ་འཇོག་དགོས། ལྗང་མདོག་རྒྱུ་ཆས་དང་ལྗང་མདོག་ཐུམ་རྒྱག ལྗང་མདོག་སྐྱེལ་འདྲེན་དང་སྡེབ་སྐྱེལ་སོགས་ཀྱི་ཚད་གཞི་མ་ལག་འཐུས་ཚང་དུ་གཏོང་བ་དང་། ནོར་སྲིད་དང་ཁྲལ་བསྡུ་སོགས་སྲིད་ཇུས་ཀྱི་སྐུལ་སློང་ཆེ་ཆེར་གཏོང་བ། གཞི་གྲངས་ཆེན་མོའི་སྟེགས་བུ་འཛུགས་སྐྲུན་བྱེད་པ། མྱུར་སྐྱེལ་གྱི་སྤྱི་ཐུན་ཞབས་ཞུ་ས་ཚིགས་དང་མྱུར་སྐྱེལ་དངོས་ཟོག་སྒམ། ཐུམ་ཤོག་ཕྱིར་བསྡུ་ས་ཚིགས་སོགས་ཀྱི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་ཐད་ཤུགས་བསྣན་ནས། སྐྱེལ་འདྲེན་ཐད་ཀྱི་ཆེས་མཐའ་མཇུག་གི་སྤྱི་ལེ་གཅིག་གི་དཀའ་གནད་ཐག་གཅོད་དགོས། སྡེ་ཁག་གིས་མཉམ་འབྲེལ་ཁྲིམས་འཛིན་བྱེད་པར་ཤུགས་སྣོན་པ་དང་། ལས་རིགས་མཐུན་ཚོགས་ཀྱི་ལྟ་སྐུལ་ནུས་པ་འདོན་སྤེལ་བྱས་ཏེ། ལྗང་མདོག་མྱུར་སྐྱེལ་འཕེལ་རྒྱས་ཐད་ནས་མི་ཡོངས་ལ་འགན་འཁྲི་ཡོད་པའི་སྣང་ཚུལ་བཟང་བོ་གྲུབ་པར་བྱེད་དགོས་པའི་གྲོས་གཞི་བཏོན། །

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།