ཀྲུང་གོ་བོད་ཀྱི་དྲ་བ།

བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཟླ12ཚེས18ཉིན་པེ་ཅིང་དུ་ཚོགས་པ།

ཡོང་ཁུངས། : ཞིན་ཧྭ་དྲ་བ།     སྤེལ་དུས། : 2018-12-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས18ཉིན་གྱི་སྔ་དྲོའི་ཆུ་ཚོད10ཡི་སྟེང་། བཅོས་བསྒྱུར་སྒོ་འབྱེད་བྱས་ནས་ལོ40འཁོར་བར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་མི་དམངས་ཚོགས་ཁང་ཆེ་མོར་འཚོག་རྒྱུ་ཡིན་ཞིང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅིའམ། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་ཆེན་ལ་ཞུགས་རྒྱུ་མ་ཟད་གསུང་བཤད་གལ་ཆེན་ཡང་གནང་རྒྱུ་རེད།

སྐབས་དེ་དུས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་དང་ཞིན་ཧྭ་དྲ་བས་ཐད་གཏོང་བྱ་རྒྱུ་དང་། མི་དམངས་དྲ་བ་དང་། ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀྲུང་གོའི་དྲ་བ་སོགས་ཀྲུང་དབྱང་གི་གསར་འགྱུར་དྲ་ཚིགས་གལ་ཆེན་དང་དེ་བཞིན་མི་དམངས་ཉིན་རེའི་ཚགས་པར་གྱི་དུད་སྣེ་དང་། ཤིན་ཧྭ་གསར་འགྱུར་ཁང་གི་དུད་སྣེ། ཀྲུང་དབྱང་བརྙན་འཕྲིན་གསར་འགྱུར་དུད་སྣེ་སོགས་སྨྱན་སྦྱོར་གསར་པའི་ལས་སྟེགས་ཐོག་དུས་གཅིག་ཏུ་བརྒྱུད་གཏོང་བྱ་རྒྱུ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།