ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་བཅོ་ལྔ་ཡིས2019ལོའི་གཞི་རིམ་དུ་སྐྱོད་པ་གསུམ་གྱི་བྱ་འགུལ་སྤེལ་བར་བཀོད་སྒྲིག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཉེ་ལམ། ཀྲུང་དབྱང་དྲིལ་སྒྲོག་པུའུ་སོགས་པུའུ་དང་ཨུ་ཡོན་ལྷན་ཁང་བཅོ་ལྔ་ཡིས་མཉམ་འབྲེལ་སྒོས་བརྡ་ཐོ་བཏང་སྟེ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་སྟོན་དུ་འཛིན་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལག་བསྟར་དང་དངོས་འབེབས་བྱས་ཏེ། རིག་གནས་དང་ཚན་རྩལ། འཕྲོད་བསྟེན་བཅས་གཞི་རིམ་དུ་སྐྱོད་པ་གསུམ་གྱི་བྱ་འགུལ་རྒྱ་ཆེར་སྤེལ་ནས། ཞང་སྡེ་དར་སྤེལ་འཐབ་ཇུས་ཁྱོན་ཡོངས་ནས་ལག་བསྟར་བྱེད་པ་དང་དབུལ་ཐར་མཁྲེགས་གཏོར་འཐབ་ཇུས་ལག་བསྟར་བྱས་ནས་གྲུབ་འབྲས་བཟང་བོ་ལེན་པ། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་ལ་མྱུར་དུ་སྐུལ་འདེད་གཏོང་དགོས། 2019ལོའི་གཞི་རིམ་དུ་སྐྱོད་པ་གསུམ་གྱི་བྱ་འགུལ་སྤེལ་སྐབས། ཞིང་ལས་དང་ཞིང་སྡེ་དེང་རབས་ཅན་གྱི་སྤྱིའི་དམིགས་འབེན་དང་དམ་དུ་སྦྲེལ་ཏེ། ཐོན་ལས་དར་སྤེལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ། གཞི་རིམ་གྱི་དར་སྲོལ་དཔལ་ཡོན་ལྡན་པ་དང་། བཅོས་སྐྱོང་ནུས་ལྡན། འཚོ་བ་ཕྱུག་འགྱུར་བཅས་ཀྱི་སྤྱིའི་རེ་བ་དངོས་འབེབས་བཟང་བོ་བྱེད་དགོས་ལ། སྔར་ལས་རྒྱ་ཆེ་ཞིང་སྔར་ལས་ཕན་ནུས་ལྡན་པའི་སྒོ་ནས་རྒྱ་ཆེའི་ཞིང་བ་མང་ཚོགས་རྣམས་འབྱོར་འབྲིང་སྤྱི་ཚོགས་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པའི་རྒྱལ་ཁ་ཕུ་ཐག་ཆོད་པ་ལེན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཁྱོན་ཡོངས་ནས་འཛུགས་སྐྲུན་བྱེད་པའི་ཁྲོད་དུ་ཞུགས་པར་སྐུལ་སློང་བྱེད་དགོས་པའི་རེ་བ་བཏོན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།