ཀྲུང་གོ་བོད་ཀྱི་དྲ་བ།

ད་ལོ་རྒྱལ་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་འབབ་ཏུན་ཁྲི65789ཟིན་པ།

ཡོང་ཁུངས། : མི་དམངས་དྲ་བ།     སྤེལ་དུས། : 2018-12-17
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚེས14ཉིན། རྒྱལ་ཁབ་བསྡོམས་རྩིས་ཅུས་ཀྱིས་ཡོངས་བསྒྲགས་བྱས་པའི་རྒྱལ་ཡོངས་འབྲུ་རིགས་ཐོན་སྐྱེད་ཀྱི་གྲངས་གཞི་ལས་མངོན་པར། 2018ལོའི་རྒྱལ་ཡོངས་ཀྱི་འབྲུ་རིགས་སྤྱིའི་ཐོན་འབབ་ཏུན་ཁྲི65789ཟིན་པ་དེ2017ལོ་ལས་ཏུན་ཁྲི371ཉུང་དུ་སོང་རུང་། 0.6%ལས་ཆག་མེད་པས་སྔར་རྒྱུན་བཞིན་ཆུ་ཚད་མཐོ་པོར་གནས་པ་དང་། ལོ་ལེགས་བྱུང་བའི་ཁོངས་སུ་གཏོགས་ཡོད།

གླེང་འོས་པ་ཞིག་ནི། རང་རྒྱལ་གྱི་འབྲུ་རིགས་ཀྱི་མུའུ་རེའི་ཐོན་འབབ་མུ་མཐུད་མཐོ་རུ་འགྲོ་བཞིན་ཡོད་པ་དང་། འབྲུ་རིགས་དང་། སྲན་མའི་རིགས། ཞོག་ཁོག་རིགས་བཅས་གསུམ་གྱི་མུའུ་རེའི་ཐོན་འབབ་ཆ་སྙོམས་མཐོ་རུ་ཅུང་ཟད་སོང་ཡོད། འདི་ལོ་རྒྱལ་ཡོངས་འབྲུ་རིགས་ཀྱི་མུའུ་རེའི་ཐོན་འབབ་སྤྱི་རྒྱ375ཡིན་པ་དེ་ན་ནིང་ལས་སྤྱི་རྒྱ0.9མཐོ་རུ་ཕྱིན་ནས0.2%འཕར་ཡོད། དེའི་ནང་། འབྲུ་རིགས་ཀྱི་མུའུ་རེའི་ཐོན་འབབ0.3%འཕར་བ་དང་། སྲན་མའི་རིགས་ཀྱི་མུའུ་རེའི་ཐོན་འབབ2.7%འཕར་བ། ཞོག་ཁོག་རིགས་ཀྱི་མུའུ་རེའི་ཐོན་འབབ2.0%འཕར་ཡོད། མུའུ་རེའི་ཐོན་འབབ་མཐོ་རུ་སོང་བའི་དབང་གིས་འབྲུ་རིགས་སྤྱིའི་ཐོན་འབབ་རྒྱ་མ་དུང་ཕྱུར33མང་དུ་ཕྱིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།