ཀྲུང་གོ་བོད་ཀྱི་དྲ་བ།

བཅོས་སྒྱུར་སྒོ་འབྱེད་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་པེ་ཅིན་ནས་འཚོགས་རྒྱུ་ཡིན་པ་དང་། ཞི་ཅིན་ཕིང་ཚོགས་འདུར་ཞུགས་རྒྱུ་ཡིན་པ་མ་ཟད་གསུང་བཤད་གལ་ཆེན་གནང་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། བཅོས་སྒྱུར་སྒོ་འབྱེད་སྤེལ་ནས་ལོ་འཁོར་བཞི་བཅུ་ལོན་པར་རྟེན་འབྲེལ་ཞུ་བའི་ཚོགས་ཆེན་ཟླ་བཅུ་གཉིས་པའི་ཚེས་བཅོ་བརྒྱད་ཉིན་གྱི་སྔ་དྲོའི་དུས་ཚོད་བཅུའི་སྟེང་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཚོགས་རྒྱུ་ཡིན་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་ཞི་ཅིན་ཕིང་ཚོགས་འདུར་ཞུགས་རྒྱུ་ཡིན་པ་མ་ཟད་གསུང་བཤད་གལ་ཆེན་གནང་རྒྱུ་རེད།

ཉིན་དེར། ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ཁང་དང་ཞིན་ཧྭ་དྲ་བ་གཉིས་ཀྱིས་ཡུལ་དངོས་ཐད་གཏོང་བྱེད་རྒྱུ་ཡིན་པ་དང་། མི་དམངས་དྲ་བ་དང་ཀྲུང་དབྱང་བརྙན་འཕྲིན་དྲ་བ། ཀྲུང་གོའི་དྲ་བ་སོགས་ཀྱི་ཀྲུང་དབྱང་གི་གསར་འགྱུར་དྲ་ཚིགས་གཙོ་བོ་དང་མི་དམངས་ཉིན་རེའི་ཚགས་པར་དྲ་བ་སོགས་སྨྱན་བྱད་གསར་བས་མཉམ་དུ་བརྒྱུད་གཏོང་བྱེད་རྒྱུ་རེད། །

རྩོམ་སྒྲིག་པ། : རྡོ་རྗེ་བསམ་འགྲུབ།