རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ལས་ཞུགས་ཡར་སྐུལ་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བསམ་འཆར་འགའ་འགྲེམ་སྤེལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་ཆོག་མཆན་བཀོད་པ་བརྒྱུད། ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་གི་ལས་ཞུགས་ཡར་སྐུལ་བྱ་བ་བཟང་བོར་བསྒྲུབ་པའི་སྐོར་གྱི་བསམ་འཆར་འགའ་འགྲེམ་སྤེལ་བྱས།

བསམ་འཆར་ལས་དེང་སྐབས་དང་ཕྱིན་ཆད་ཀྱི་དུས་སྐབས་ཤིག་ལ་ལས་ཞུགས་བྱ་བ་བཟང་བོར་བསྒྲུབ་པའི་ཐད་ལ་བྱེད་ཐབས་འགའ་བཏོན། གཅིག ཁེ་ལས་བརྟན་འཇགས་སྒོས་འཕེལ་རྒྱས་སུ་འགྲོ་བར་རྒྱབ་སྐྱོར་བྱེད་དགོས། གཉིས། ལས་ཞུགས་ལས་སྤེལ་ལ་རྒྱབ་སྐྱོར་དང་སྐུལ་མ་གཏོང་དགོས། གསུམ། ཧུར་ཐག་སྒོས་གསོ་སྐྱོང་བྱ་བ་བཟང་བོར་བསྒྲུབ་དགོས། བཞི། དུས་ཐོག་ཏུ་ལས་ཤོར་མི་སྣར་རོགས་སྐྱོར་བྱེད་དགོས་པ་བཅས་རེད།།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།