ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་དང་ཕ་ན་མའི་ཙུང་ཐུང་ཕ་ལེ་ལཱ་གཉིས་ཀྱིས་ཀྲུང་གོ་དང་ཕ་ན་མའི་འབྱོར་འཚོང་མཉམ་ལས་གླེང་སྟེགས་ལ་ཞུགས་པའི་ཕྱོགས་གཉིས་ཀྱི་ཁེ་ལས་པའི་འཐུས་ཚབ་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

2.jpg

ས་དེའི་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ན་མ་ནས་ཕ་ན་མའི་ཙུང་ཐུང་ཕ་ལེ་ལཱ་དང་མཉམ་དུ་ཀྲུང་གོ་དང་ཕ་ན་མའི་འབྱོར་འཚོང་མཉམ་ལས་གླེང་སྟེགས་ལ་ཞུགས་པའི་ཕྱོགས་གཉིས་ཀྱི་ཁེ་ལས་པའི་འཐུས་མི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ་བཅུ་གཉིས་པའི་ཚེས་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཕ་ན་མ་ནས་ཕ་ན་མའི་ཙུང་ཐུང་ཕ་ལེ་ལཱ་དང་མཉམ་དུ་ཀྲུང་གོ་དང་ཕ་ན་མའི་འབྱོར་འཚོང་མཉམ་ལས་གླེང་སྟེགས་ལ་ཞུགས་པའི་ཕྱོགས་གཉིས་ཀྱི་ཁེ་ལས་པའི་འཐུས་མི་ལ་མཇལ་འཕྲད་གནང་།

 ཞི་ཅིན་ཕིང་གིས་བསྟན་དོན། ཀྲུང་གོ་དང་ཕ་ན་མའི་བར་དུ་འབྲེལ་བ་བཙུགས་པ་དེས་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་མཉམ་ལས་ལ་མདུན་ལྗོངས་ཡངས་པོ་བཏོད་ཡོད། རྒྱལ་ཁབ་གཉིས་ཀྱི་འབྱོར་འཚོང་མཉམ་ལས་འདི་འདྲའི་ཕུན་སུམ་ཚོགས་པ་ཞིག་ནམ་ཡང་བྱུང་མྱོང་མེད་ལ། ཕྱོགས་གཉིས་ཀྱི་ཁེ་ལས་ལས་རིགས་ཀྱི་འབྲེལ་འདྲིས་འདི་འདྲའི་ཟབ་མོ་ཞིག་ཀྱང་ནམ་ཡང་བྱས་མ་མྱོང་། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་ལས་རིགས་ནི་ཀྲུང་གོ་དང་ཕ་ན་མའི་མཉམ་ལས་ཀྱི་གཙོ་ཤུགས་ཡིན་པས། ཕྱོགས་གཉིས་ཀྱིས་གོ་སྐབས་བཟང་པོ་དམ་འཛིན་བྱས་ཏེ། འབད་བརྩོན་ཆེན་པོས་མཉམ་ལས་རྒྱ་བསྐྱེད་དགོས། ཀྲུང་གོས་ལྷག་བསམ་རྣམ་དག་གིས་རྒྱལ་ཁབ་སོ་སོར་ཁྲོམ་རའི་སྒོ་འབྱེད་རྒྱུ་ཡིན་ལ། ཕ་ན་མ་དང་བཅས་པའི་འཛམ་གླིང་གི་རྒྱལ་ཁབ་སོ་སོའི་ཁེ་ལས་པ་ཀྲུང་གོར་དངུལ་གཏོང་ལས་སྤེལ་བྱེད་དུ་ཡོང་བར་དགའ་བསུ་ཞུ་བཞིན་ཡོད་པ་དང་། ཀྲུང་གོས་ཁེ་ལས་ཕ་ན་མ་རུ་གསར་སྤེལ་གོང་འཕེལ་གཏོང་དུ་སོང་ནས། ཐུན་མོང་གི་དར་རྒྱས་གོང་འཕེལ་མངོན་འགྱུར་བྱེད་པར་སྐུལ་མ་གཏོང་བཞིན་ཡོད། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པས་སྤྱི་ཚོགས་ཀྱི་འགན་འཁྲི་ཁུར་དུ་བླངས་ཏེ། ས་གང་ནས་ཚོང་རྒྱག་ན་ས་དེ་ནས་མཛའ་མཐུན་གྱི་ས་བོན་གཏོར་དགོས་ལ། ས་གང་ནས་ལས་གཞི་སྒྲུབ་ན་ས་དེ་ནས་མཛའ་བརྩེ་རྡོ་རིང་འཛུགས་དགོས། རྒྱལ་ཁབ་གཉིས་ཀྱི་ཁེ་ལས་པས་གསར་སྤེལ་ཡར་བརྩོན་བྱས་ཏེ། ཀྲུང་གོ་དང་ཕ་ན་མའི་མཉམ་ལས་ལ་སྔར་ལས་མཛེས་སྡུག་གི་མ་འོངས་པ་བསྐྲུན་རྒྱུའི་རེ་བ་བཅངས་ཡོད་ཟེར།

ཕ་ལེ་ལཱ་ཡིས་བསྟན་དོན། དུས་ཡུན་རིང་པོར་ཕ་ན་མ་དང་ཀྲུང་གོའི་བཟོ་ཚོང་ལས་རིགས་ཀྱིས་མིས་བཟོས་གཙང་བོ་དང་། གྲུ་ཁ། རང་དབང་ཉོ་འཚོང་ཁུལ་སོགས་བརྒྱུད་དེ་འབྲེལ་འདྲིས་བྱེད་བཞིན་ཡོད་ལ། རྒྱལ་ཁབ་གཉིས་ཀྱི་བར་འབྲེལ་བ་བཙུགས་རྗེས། འབྱོར་འཚོང་མཉམ་ལས་ཉིན་རེ་བཞིན་ཇེ་ཟབ་ཏུ་འགྲོ་བཞིན་ཡོད། ང་ཚོས་ཀྲུང་གོའི་ཁེ་ལས་སྔར་ལས་མང་པོ་ཕ་ན་མ་རུ་མ་དངུལ་གཏོང་བར་ཡོང་རྒྱུ་མ་ཟད། ཕ་ན་མ་འདི་ལ་ཏེན་མེ་གླིང་དུ་ལས་སྒོ་རྒྱ་བསྐྱེད་ས་ཞིག་ཏུ་བརྩིས་ནས། ཕ་ན་མ་དང་ས་ཁུལ་འདིའི་འཕེལ་རྒྱས་ལ་གཞོགས་འདེགས་བྱེད་པར་དགའ་བསུ་ཞུ་བཞིན་ཡོད་ཟེར།

ཏེན་ཞུའེ་ཞང་དང་དབྱང་ཅེ་ཁྲི། ཝང་དབྱི། ཧི་ལིས་ཧྥེང་སོགས་མཇལ་འཕྲད་ལ་ཞུགས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།