ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་གིས་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མུའུ་ཏི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-02
ཡིག་གཟུགས། :ཆུང་། འབྲིང་། ཆེ།

 201812020955015ZLQ.jpg

ས་དེའི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུའུ་དབྱི་ནོ་སི་ཨེ་ལེ་སི་ནས་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མུའུ་ཏི་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ས་དེའི་ཟླ་བཅུ་གཅིག་པའི་ཚེས་སུམ་ཅུ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པུའུ་དབྱི་ནོ་སི་ཨེ་ལེ་སི་ནས་སོ་ཏི་ཨ་རབ་རྒྱལ་ཁབ་ཀྱི་རྒྱལ་རྒྱུད་མུའུ་ཧན་མུའུ་ཏི་ལ་མཇལ་འཕྲད་གནང་།

ཞི་ཅིན་ཕིང་གསུངས་རྒྱུར། འདས་པའི་ལོ་གཉིས་ཀྱི་ནང་བདག་དང་རྒྱལ་བོ་ས་ལེ་མན་གཉིས་ཀྱིས་ཕན་ཚུན་ལ་འཚམས་འདྲི་བྱས་ཏེ་རྒྱལ་ཁབ་གཉིས་ཀྱི་བར་དུ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས། ཀྲུང་གོ་ཕྱོགས་ཀྱིས་དུས་དང་རྣམ་པ་ཀུན་ཏུ་འཐབ་ཇུས་ཀྱི་མཐོ་ཚད་དང་རྒྱང་རིང་ལ་དམིགས་ཏེ་ཀྲུང་གོ་དང་སོ་ཏི་ཨ་རབ་གཉིས་ཀྱི་འབྲེལ་བར་ལྟ་ཚུལ་ཡང་དག་པ་འཛིན་བཞིན་ཡོད། ཀྲུང་གོ་ཕྱོགས་ཀྱིས་སོ་ཏི་ཨ་རབ་ཀྱིས་དཔལ་འབྱོར་སྣ་མང་ཅན་དང་སྤྱི་ཚོགས་བཅོས་སྒྱུར་ལ་སྐུལ་འདེད་གཏོང་བར་རྒྱབ་སྐྱོར་བྱེད་པར་མ་ཟད་སོ་ཏི་ཨ་རབ་ཕྱོགས་དང་མཉམ་དུ་ཕན་ཚུན་གྱི་ཁེ་ཕན་ལ་འབྲེལ་བ་ཡོད་པའི་གནད་དོན་ཐད་ནས་མུ་མཐུད་དུ་རྒྱབ་སྐྱོར་བྱེད་འདོད་ཡོད་ཟེར།

མུའུ་ཧན་མུའུ་ཏི་ཡིས་བཤད་རྒྱུར། སོ་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོའི་འཕེལ་རྒྱས་དང་རྒྱུད་གཅིག་ལམ་གཅིག་མཉམ་ལས་ལ་རྒྱབ་སྐྱོར་བྱེད་པ་ཡིན། སི་ཏི་ཨ་རབ་ཕྱོགས་ཀྱིས་ཀྲུང་གོས་རྒྱལ་སྤྱིའི་ལས་དོན་ཁྲོད་དུ་འཛིན་པའི་ལངས་ཕྱོགས་དང་འདོད་ཚུལ་ལ་གཟེངས་བསྟོད་བྱེད་པར་མ་ཟད་ཀྲུང་གོས་མུ་མཐུད་དུ་ནུས་པ་ཆེན་པོ་འདོན་པར་རེ་སྒུག་བྱས་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།