ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་ཨུ་རི་སི་མནའ་འབྲེལ་ཙུང་ཐུང་ནུས་ཁུངས་འཕེལ་རྒྱས་འཐབ་ཇུས་དང་སྐྱེ་ཁམས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག ཨུ་རི་སིའི་རྡོ་སྣུམ་ཀུང་ཟིའི་ཙུང་ཚེ་ཞའེ་ཆན་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20181130092632uq1m.jpg

ཟླ11པའི་ཚེས29ཡི་ཉིན་གྱི་སྔ་དྲོར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཏོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཀྲུང་གོ་དང་ཨུ་རི་སིའི་ནུས་ཁུངས་ཚོང་དོན་གླེང་སྟེགས་ལ་ཞུགས་པར་ཡོང་བའི་ཨུ་རི་སི་མནའ་འབྲེལ་ཙུང་ཐུང་ནུས་ཁུངས་འཕེལ་རྒྱས་འཐབ་ཇུས་དང་སྐྱེ་ཁམས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག ཨུ་རི་སིའི་རྡོ་སྣུམ་ཀུང་ཟིའི་ཙུང་ཚེ་ཞའེ་ཆན་ལ་མཇལ་འཕྲད་གནང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཟླ11པའི་ཚེས29ཡི་ཉིན་གྱི་སྔ་དྲོར་ཏོ་ཡུས་ཐེ་རྒྱལ་མགྲོན་ཁང་ནས་ཀྲུང་གོ་དང་ཨུ་རི་སིའི་ནུས་ཁུངས་ཚོང་དོན་གླེང་སྟེགས་ལ་ཞུགས་པར་ཡོང་བའི་ཨུ་རི་སི་མནའ་འབྲེལ་ཙུང་ཐུང་ནུས་ཁུངས་འཕེལ་རྒྱས་འཐབ་ཇུས་དང་སྐྱེ་ཁམས་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་ལག་བསྟར་དྲུང་ཡིག ཨུ་རི་སིའི་རྡོ་སྣུམ་ཀུང་ཟིའི་ཙུང་ཚེ་ཞའེ་ཆན་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་བསྟན་དོན། ཀྲུང་གོ་དང་ཨུ་རི་སི་རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་མཉམ་ལས་ནི་ཡུན་རིང་དང་གཏན་འཇགས། གཏིང་ཟབ་པའི་མཉམ་ལས་བཅས་ཡིན་པས། སྔོག་འདོན་གྱི་སྦས་ཤུགས་ཆེན་པོ་དང་མདུན་ལྗོངས་རྒྱ་ཆེན་པོ་ཡོད། ཀྲུང་གོ་ཕྱོགས་ཀྱིས་ཨུ་རི་སི་ཕྱོགས་དང་མཉམ་དུ་འབད་བརྩོན་བྱས་ཏེ། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་བཏོན་པའི་འཐབ་ཇུས་མཛུབ་སྟོན་གཞིར་བཟུང་ནས། ནུས་ཁུངས་ཐད་ཀྱི་དཔལ་འབྱོར་ཉོ་ཚོང་དང་སྣུམ་རླངས་འཚོལ་ཞིབ་གསར་སྤེལ། ནུས་ཁུངས་ལག་རྩལ་སྒྲིག་ཆས་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་སྔར་ལས་གཏིང་ཟབ་ཏུ་གཏོང་བ་དང་། དངུལ་ལོར་འདེགས་སྐྱོར་ལ་ཤུགས་སྣོན་པ། ལས་གཞི་གལ་ཆེན་གྱི་མཉམ་ལས་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་རྒྱུ་མ་ཟད། རྒྱལ་ཁབ་གཉིས་ཀྱི་ནུས་ཁུངས་མཉམ་ལས་རྒྱུན་ཆད་མེད་པར་འཕེལ་རྒྱས་སུ་འགྲོ་བར་མཉམ་དུ་ཡར་སྐུལ་གཏོང་འདོད་ཡོད་ཟེར། 

ཞའེ་ཆན་གྱིས་བསྟན་དོན། ཨུ་རི་སི་དང་ཀྲུང་གོའི་ནུས་ཁུངས་ཚོང་དོན་གླེང་སྟེགས་ཀྱིས་རྒྱལ་ཁབ་གཉིས་ཀྱི་ཁེ་ལས་སྦྲེལ་མཐུད་དང་འཐབ་ཇུས་རང་བཞིན་གྱི་ལས་གཞི་གལ་ཆེན་མཉམ་ལས་བྱེད་པར་གལ་ཆེ་བའི་སྟེགས་བུ་གསར་བ་ཞིག་བསྐྲུན་ཡོད། ཨུ་རི་སི་ཕྱོགས་ཀྱིས་རྒྱུད་གཅིག་ལམ་གཅིག་གི་གྲོས་གཞི་དང་ཡོ་རོབ་གླིང་དང་ཨེ་ཤ་ཡའི་དཔལ་འབྱོར་མནའ་མཐུན་སྦྲེལ་མཐུད་མཉམ་ལས་ཀྱི་སྒྲོམ་གཞིའི་འོག་ཏུ། ཨུ་རི་སི་དང་ཀྲུང་གོའི་ནུས་ཁུངས་མཉམ་ལས་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བར་སྔར་ལས་ལྷག་པར་སྐུལ་འདེད་གཏོང་འདོད་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།