ཀྲུང་གོ་བོད་ཀྱི་དྲ་བ།

སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་པེ་ཅིན་དུ་གསར་དུ་བདམས་པའི་ཨུ་ཡོན་གྱི་སློབ་སྦྱོང་བགྲོ་གླེང་འཛིན་གྲྭ་པེ་ཅིན་ནས་ཚོགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སྐབས་བཅུ་གསུམ་པའི་རྒྱལ་ཡོངས་སྲིད་གྲོས་ཀྱི་པེ་ཅིན་དུ་གསར་དུ་བདམས་པའི་ཨུ་ཡོན་གྱི་སློབ་སྦྱོང་བགྲོ་གླེང་འཛིན་གྲྭ་ཚེས་བཅུ་དགུ་ཉིན་ནས་ཚེས་ཉེར་གཅིག་ཉིན་བར་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་ཝང་དབྱང་འཛིན་གྲྭ་ཚོགས་འགོ་བརྩམས་པའི་མཛད་སྒོར་ཞུགས་པར་མ་ཟད་གསུང་བཤད་གནང་། ཁོང་གིས་བསྟན་དོན། སློབ་སྦྱོང་བྱེད་པ་དེ་སྲིད་གྲོས་ཨུ་ཡོན་ཡར་ཐོན་ཡོང་བར་འབྲེལ་བ་ཡོད་པ་དང་མི་དམངས་སྲིད་གྲོས་ལས་དོན་གྱི་དར་རྒུད་ལ་འབྲེལ་བ་ཡོད་པས། རྒྱ་ཆེའི་སྲིད་གྲོས་ཨུ་ཡོན་རྣམས་ཀྱིས་སློབ་སྦྱོང་གི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན། ཡུན་རིང་རང་བཞིན་བཅས་ལ་ཤུགས་སྣོན་པར་ངོས་འཛིན་གསལ་བོ་བྱས་ཏེ། ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་དང་ཏང་གི་ཚོགས་ཆེན་ཐེངས་བཅུ་དགུ་པའི་དགོངས་དོན་ལ་སློབ་སྦྱོང་བྱེད་པ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མི་དམངས་སྲིད་གྲོས་ཀྱི་བྱ་བར་ཤུགས་སྣོན་དང་ལེགས་སྒྱུར་བྱེད་པའི་སྐོར་གྱི་དགོངས་པ་གལ་ཆེན་ལ་སློབ་སྦྱོང་བྱེད་པ། སྲིད་གྲོས་ཀྱི་གཞི་རྩའི་ཤེས་བྱ་དང་འགན་འཁྲི་ལག་བསྟར་བྱེད་པར་མཁོ་བའི་འབྲེལ་ཡོད་རྩལ་ནུས་ལ་སློབ་སྦྱོང་བྱེད་དགོས། སློབ་སྦྱོང་བྱས་པ་བརྒྱུད་དེ་བསམ་བློའི་འདུ་ཤེས་ཇེ་དྲག་ཏུ་གཏོང་བ་དང་འགན་འཁྲི་ལག་བསྟར་བྱེད་པར་སྣེ་ཁྲིད་བྱས་ནས་སྲིད་གྲོས་ལས་དོན་གོང་འཕེལ་དུ་འགྲོ་བར་སྐུལ་འདེད་གཏོང་དགོས་ཟེར།

ཝང་དབྱང་གིས་ཨུ་ཡོན་རྣམས་ལ་ཕྱོགས་ལྔའི་ཐད་ནས་རེ་བ་བཏོན། གཅིག ཆབ་སྲིད་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། གཉིས། བསམ་བློའི་སྣེ་ཁྲིད་ནུས་པ་ཇེ་ཆེར་གཏོང་དགོས། གསུམ། སྤུས་ཚད་འདུ་ཤེས་ཇེ་དྲག་ཏུ་གཏོང་དགོས། བཞི། སྒྲིག་ལམ་གྱི་ཚོད་འཛིན་ནུས་པ་ཇེ་ཆེར་གཏོང་དགོས། ལྔ། གྲོས་མོལ་ནུས་པ་ཇེ་ཆེར་གཏོང་དགོས་པ་བཅས་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།