ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། བཟོ་བཅོས་བྱས་རྗེས་ཀྱི་ཆེད་ཁེ་ལས་ཚབ་སྲོལ་ཡིག་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ཉེ་ལམ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བཀའ་ཁྱབ་སྟེང་མིང་བཀོད་དེ། བཟོ་བཅོས་བྱས་རྗེས་ཀྱི་ཆེད་ཁེ་ལས་ཚབ་སྲོལ་ཡིག་ཁྱབ་བསྒྲགས་བྱས།

སྲོལ་ཡིག་ལས་ཆེད་ཁེ་ལས་ཚབ་དགེ་རྒན་གྱི་ལས་གཉེར་བྱས་ཆོག་པའི་ལམ་ལུགས་ལེགས་སྒྱུར་བྱས་ཤིང་། མཐོ་རིམ་སློབ་གླིང་གི་རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་ཆེད་ལས་ཚན་ཁག་ཡན་གྱི་སློབ་གཉེར་བརྒྱུད་རིམ་ཡོད་པའི་ཀྲུང་གོའི་སྤྱི་དམངས་རྣམས་རྒྱལ་ཡོངས་ཀྱི་ཆེད་ཁེ་ལས་ཚབ་དགེ་རྒན་ཐོབ་ཐང་རྒྱུགས་ལེན་ཁྲོད་དུ་ཞུགས་ཆོག་པ་དང་རྒྱུགས་འཕྲོད་རྗེས་རྒྱལ་སྲིད་སྤྱི་ཁྱབ་ཁང་ཆེད་ཁེ་སྲིད་འཛིན་ལས་ཁུངས་ཀྱིས་ཆེད་ཁེ་ལས་ཚབ་དགེ་རྒན་གྱི་ཐོབ་ཐང་འཛིན་ཡིག་སྟེར་བ། བཅའ་ཁྲིམས་ཀྱིས་གཏན་འཁེལ་བྱས་པའི་ཆ་རྐྱེན་དང་མཐུན་ན་ལས་གཉེར་བྱས་ཆོག་པ་གཏན་འཁེལ་བྱས་ཡོད།

སྲོལ་ཡིག་ལས་ཆེད་ཁེ་ལས་ཚབ་ལས་ཁུངས་ཀྱིས་ལས་གཉེར་བྱས་ཆོག་པའི་ལམ་ལུགས་ལེགས་སྒྱུར་བྱས་ཤིང་། ལས་གཉེར་ཁྱབ་ཁོངས་དང་ཞབས་ཕྱིའི་ལྟ་སྐུལ་དོ་དམ་འཐུས་ཚང་དུ་བཏང་སྟེ་ཆེད་ཁེ་ལས་ཚབ་ལས་ཁུངས་དང་ཆེད་ཁེ་ལས་ཚབ་དགེ་རྒན་གྱི་ལས་གཉེར་བྱ་སྤྱོད་ཚད་ལྡན་དང་དེ་དང་མཐུན་པའི་བཅའ་ཁྲིམས་ཀྱི་འགན་འཁྲི་གཏན་འཁེལ་གསལ་བོ་བྱས་ཡོད།

སྲོལ་ཡིག་དེ་ཉིས་སྟོང་བཅུ་དགུ་ལོའི་ཟླ་གསུམ་པའི་ཚེས་གཅིག་ཉིན་ནས་བཟུང་ལག་བསྟར་བྱེད་རྒྱུ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།