ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིང་པེ་ཅིན་ནས་པ་པུའུ་ཡ་ཀུའེ་ནེ་ཡ་དང་ཝུན་ལེ། ཧྥེ་ལེ་པེན་བཅས་རྒྱལ་ཁབ་གསུམ་ལ་རྒྱལ་དོན་འཚམས་འདྲིར་ཕེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་རང་བཙན་རྒྱལ་ཁབ་ཀྱི་ཙུང་ཏུའུ་ཏ་ཏ་ཨེ་དང་ཙུང་ལི་ཨོ་ཉི་ཨར། ཝུན་ལེ་ཏ་ལུའུ་ས་ལན་རྒྱལ་ཁབ་ཀྱི་སུའུ་ཏན་ཧཱ་སང་ནཱ་ཨར། ཧྥེ་ལེ་པེན་སྤྱི་མཐུན་རྒྱལ་ཁབ་ཀྱི་ཙུང་ཐུང་ཏུའུ་ཐི་ཨར་ཐི་བཅས་ཀྱིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཚེས་བཅོ་ལྔ་ཉིན་ཆེད་བཏང་གནམ་གྲུར་བཞུགས་ཏེ་པེ་ཅིན་ནས་གོང་གི་རྒྱལ་ཁབ་གསུམ་ལ་རྒྱལ་དོན་འཚམས་འདྲིར་ཕེབས་པར་མ་ཟད་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་ནས་ཞི་བདེ་རྒྱ་མཚོའི་གླིང་ཕྲན་རྒྱལ་ཁབ་ཀྱི་འགོ་ཁྲིད་པའི་གྲོས་མོལ་ལ་ཞུགས་རྒྱུ་རེད།  པ་པུའུ་ཡ་ཀུའེ་ནེ་ཡ་གསར་བ་རང་བཙན་རྒྱལ་ཁབ་ཀྱི་ཙུང་ལི་ཨོ་ཉི་ཨར་གྱིས་གདན་དྲངས་པ་ལྟར། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་པ་པུའུ་ཡ་ཀུའེ་ནེ་ཡ་གསར་བའི་མའོ་ཨར་ཚི་པུས་ཀང་ནས་བསྡུ་རྒྱུ་ཡིན་པའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་ཉེར་དྲུག་པར་ཞུགས་རྒྱུ་རེད།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཧྲུའུ་ཅི་ཁྲུའུ་ཡི་ཧྲུའུ་ཅི། ཀྲུང་དབྱང་གཞུང་སྒྲུབ་ཐིན་གྱི་ཀྲུའུ་རིན་ཏེན་ཞའོ་ཞང་དང་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་ཕྱི་དོན་བྱ་བའི་ཨུ་ཡོན་ལྷན་ཁང་གཞུང་སྒྲུབ་ཁང་གི་ཀྲུའུ་རིན་དབྱང་ཅེ་ཁྲི། རྒྱལ་སྲིད་ཨུ་ཡོན་ཞོར་དུ་ཕྱི་འབྲེལ་པུའུ་ཀྲང་གི་འགན་འཁུར་མཁན་ཝང་དབྱི། རྒྱལ་ཡོངས་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ། རྒྱལ་ཁབ་འཕེལ་རྒྱས་དང་བཅོས་སྒྱུར་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཧི་ལིས་ཧྥུན་སོགས་ཀྲུའུ་ཞི་ཞི་ཅིན་ཕིང་དང་ལྷན་དུ་གོང་གི་རྒྱལ་ཁབ་གསུམ་ལ་འཚམས་འདྲིར་སོང་། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།