ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་སྐབས་ཉེར་གཅིག་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་དུ་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་བཅོ་ལྔ་འགོར་བའི་དྲན་གསོའི་ཚོགས་འདུ་ལ་ཞུགས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123714218_15422144314831n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་ས་དེའི་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་གྱི་སྔ་དྲོར་སིང་ག་ཕོར་གྱི་འགྲེམ་སྟོན་ལྟེ་གནས་ནས་སྐབས་ཉེར་གཅིག་པའི་ཀྲུང་གོ་དང་ཨེ་ཤ་ཡ་ཤར་ལྷོའི་མནའ་འབྲེལ་བར་དུ་འཐབ་ཇུས་གྲོགས་པོའི་འབྲེལ་བ་བཙུགས་ནས་ལོ་ངོ་བཅོ་ལྔ་འགོར་བའི་དྲན་གསོའི་ཚོགས་འདུ་ལ་ཞུགས། ཨེ་ཤ་ཡའི་ཤར་ལྷོའི་མནའ་འབྲེལ་གྱི་རྒྱལ་ཁབ་བཅུ་ལྷག་ཚོགས་འདུ་ལ་ཞུགས། ལིས་ཁི་ཆང་དང་སིང་ག་ཕོར་གྱི་ཙུང་ཐུང་ལིས་ཞན་ལུང་གཉིས་ཀྱིས་མཉམ་དུ་གྲོས་ཚོགས་ལ་འགོ་འཛིན་བྱས།

ལིས་ཁི་ཆང་གིས་བསྟན་དོན།ལོ་ངོ་བཅོ་ལྔའི་རིང་ལ།ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་འབྲེལ་བས་རྒྱུན་ལྡན་མ་ཡིན་པའི་གོ་རིམ་བརྒྱུད་ནས། ཕྱོགས་ཡོངས་དང་རིམ་པ་མང་པོ། ཁྱབ་ཁོངས་ཡངས་པོའི་ཕྱོགས་སུ་མཉམ་ལས་རྒྱ་བསྐྱེད་ནས། ཕན་ཚུན་གཉིས་ཕན་མཉམ་རྒྱལ་གྱི་མཉམ་ལས་རྣམ་པ་གསར་བ་གསར་དུ་བཏོད།ཀྲུང་གོ་ཕྱོགས་ཀྱིས་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་རྒྱལ་ཁབ་དག་དང་ལྷན་དུ་འབད་པ་བྱས་ཏེ། ཕན་ཚུན་མཉམ་གྲོས་ཀྱི་རྨང་གཞིའི་སྟེང་དུ།མ་འོངས་པའི་ལོ་གསུམ་གྱི་ནང་ལ་ཚད་མཐུན་གྱི་གྲོས་མོལ་ལེགས་འགྲུབ་འབྱུང་བར་བརྩོན་ལེན་བྱ་རྒྱུ་ཡིན།ཁུལ་ཁོངས་ཕྱི་ཡི་རྒྱལ་ཁབ་དག་གིས་ཁུལ་ཁོངས་ནང་གི་རྒྱལ་ཁབ་དག་ལ་བརྩི་བཀུར་བྱེད་པ་དང་།ཁུལ་ཁོངས་ནང་གི་རྒྱལ་ཁབ་ཀྱི་བློ་གྲོས་ལ་ཡིད་ཆེས་བྱེད་པའི་རེ་བ་ཡོད་ལ། ཚང་མས་མཉམ་དུ་རྒྱ་མཚོ་ལྷོ་མའི་ཞི་བདེ་བརྟན་འཇགས་ལ་སྲུང་སྐྱོབ་བྱེད་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།