ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྲིད་ཇུས་ལམ་ལུགས་བཅོས་སྒྱུར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123714403_15422048266541n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་དང་ཚེས་བཅུ་བཞི་ཉིན་གཉིས་ལ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་སྲིད་ཇུས་ལམ་ལུགས་བཅོས་སྒྱུར་བྱ་བའི་གྲོས་ཚོགས་པེ་ཅིན་ནས་ཚོགས་པ་དང་། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཞི་ཅིན་ཕིང་ཚོགས་འདུར་ཞུགས་པར་མ་ཟད་གསུང་བཤད་གལ་ཆེན་གནང་། ཁོང་གིས་བསྟན་དོན། དམག་དོན་སྲིད་ཇུས་ལམ་ལུགས་ཀྱིས་དམག་དོན་འབྲེལ་བ་ལེགས་སྒྲིག་བྱེད་པ་དང་དམག་དོན་ལག་ལེན་ཚད་ལྡན་དུ་གཏོང་བ། དམག་དོན་འཕེལ་རྒྱས་འགན་སྲུང་བྱེད་པ་ཡིན་ལ། དམག་དོན་སྲིད་ཇུས་ལམ་ལུགས་བཅོས་སྒྱུར་བྱེད་པ་དེ་ཏང་གིས་དུས་རབས་གསར་བར་དམག་དཔུང་སྟོབས་ལྡན་དུ་གཏོང་བའི་དམིགས་འབེན་མངོན་འགྱུར་བྱེད་པ་དང་མི་དམངས་དམག་དཔུང་འཛམ་གླིང་དུ་མིང་གྲགས་ཆེ་བའི་དམག་དཔུང་དུ་ཁྱོན་ཡོངས་ནས་འགྲུབ་པར་བྱེད་པ། བརྒྱ་ལོ་གཉིས་ཀྱི་འབད་འཐབ་དམིགས་འབེན་མངོན་འགྱུར་བྱེད་པ། ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པར་དོན་སྙིང་གལ་ཆེན་ལྡན། དམག་དོན་སྲིད་ཇུས་ལམ་ལུགས་བཅོས་སྒྱུར་གྱི་གལ་ཆེན་རང་བཞིན་དང་དགོས་གལ་རང་བཞིན་གསལ་བོར་ཤེས་པར་བྱེད་པ་དང་བསམ་བློ་གཅིག་གྱུར་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ། དངོས་འབེབས་བྱ་བ་དམ་འཛིན་བྱས་ཏེ་དམག་དོན་སྲིད་ཇུས་ལམ་ལུགས་བཅོས་སྒྱུར་ལས་འགན་ཡོངས་འགྲུབ་བཟང་བོ་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། གསར་བརྗེ་དང་འཛུགས་སྐྲུན། བཅོས་སྒྱུར་བཅས་སོ་སོའི་ལོ་རྒྱུས་ཀྱི་དུས་སྐབས་སུ། ང་ཚོ་ཏང་གིས་གནས་བབ་འཕེལ་རྒྱས་ཀྱི་འགྱུར་ལྡོག་དང་ཏང་གི་ལོ་རྒྱུས་འགན་འཁྲི། མི་དམངས་དམག་དཔུང་གི་ཕྲག་ཏུ་བབས་པའི་འགན་འཁྲི་དང་ལས་འགན་གཞིར་འཛིན་པ་དང་དམག་འཛུགས་དམག་སྐྱོང་གི་ཁྱད་ཆོས་དང་ཆོས་ཉིད། ལག་ལེན་རེ་བ་ལྟར། དམག་དོན་སྲིད་ཇུས་ལམ་ལུགས་མུ་མཐུད་དུ་ལེགས་སྒྲིག་དང་འཐུས་ཚང་དུ་བཏང་ནས། མི་དམངས་དམག་དཔུང་གིས་དམིགས་འབེན་རྒྱུན་འཁྱོངས་བྱེད་པ་དང་དམག་འཐབ་ནུས་པ་ཇེ་ཆེར་གཏོང་བ། རྒྱལ་ཁ་ནས་རྒྱལ་ཁའི་ཕྱོགས་སུ་སྐྱོད་པར་འགན་སྲུང་གལ་ཆེན་མུ་མཐུད་ནས་འདོན་སྤྲོད་བྱེད་དགོས་ཟེར།

1123714403_15422048266581n.jpg

ཞི་ཅིན་ཕིང་གིས་བསྟན་དོན། རང་རེའི་དམག་དཔུང་གི་ཏང་གི་འཛུགས་སྐྲུན་ལམ་ལུགས་བཅོས་སྒྱུར་ཟབ་སྤེལ་བྱེད་པ་དང་དུས་རབས་གསར་བའི་ཏང་གི་འཛུགས་སྐྲུན་གྱི་སྤྱིའི་རེ་བ་ལག་བསྟར་ནན་མོ་བྱེད་སྐབས། ཏང་གི་སྒྲིག་ཡིག་རྩ་བའི་བསྲུང་བྱ་བྱས་ཏེ།  དམག་དཔུང་གི་ཏང་གི་ཆབ་སྲིད་འཛུགས་སྐྲུན་དང་བསམ་བློ་འཛུགས་སྐྲུན། རྩ་འཛུགས་འཛུགས་སྐྲུན། སྤྱོད་ཚུལ་འཛུགས་སྐྲུན། སྒྲིག་ལམ་འཛུགས་སྐྲུན་བཅས་ཀྱི་ལམ་ལུགས་འཐུས་ཚང་དུ་གཏོང་བ་དང་། ཏང་ཀྲུང་དབྱང་གི་དབང་ཟིལ་དང་གཅིག་བསྡུས་གཅིག་གྱུར་འགོ་ཁྲིད་སྲུང་སྐྱོབ་བྱས་ནས། ཏང་གིས་དམག་དཔུང་ལ་མཐའ་གཅིག་ཏུ་འགོ་ཁྲིད་པའི་རང་རེའི་དམག་དཔུང་གི་ཏང་གི་འཛུགས་སྐྲུན་ལམ་ལུགས་འགན་སྲུང་བྱེད་དགོས་ཟེར།

ཞི་ཅིན་ཕིང་གིས་གསུངས་རྒྱུར། དམག་དོན་སྲིད་ཇུས་ལམ་ལུགས་བཅོས་སྒྱུར་ལག་བསྟར་བྱེད་པ་ནི་དམག་དཔུང་དང་ས་གནས་ཕྱོགས་གཉིས་ཀྱི་ཐུན་མོང་གི་ལས་འགན་ཡིན་པས། ཀྲུང་དབྱང་དང་རྒྱལ་ཁབ་ལས་ཁུངས། ས་གནས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་དམག་དཔུང་གི་བཅོས་སྒྱུར་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་དགོས་པ་དང་། ཕྲག་ཏུ་བབས་པའི་བཅོས་སྒྱུར་ལས་འགན་དངོས་འབེབས་བཟང་བོ་བྱས་ནས། དམག་དཔུང་དང་ས་གནས་མཉམ་ཤུགས་ཀྱི་རྣམ་པ་བཟང་བོ་ཆགས་པར་བྱེད་དགོས་ཟེར།

ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་རྒྱུན་ལས་ཚན་གཙོ་གཞོན་པ་ཞུའུ་ཆི་ལེང་གིས་བཅོས་སྒྱུར་ལག་བསྟར་བྱ་བར་བཀོད་སྒྲིག་བྱས་པ་དང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་ཨུ་ཡོན། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་ཀྲུའུ་ཞི་གཞོན་པ། ཀྲུང་དབྱང་དམག་དོན་ཨུ་ཡོན་ལྷན་ཁང་གི་རྒྱལ་སྲུང་དང་དམག་དཔུང་བཅོས་སྒྱུར་ཟབ་སྤེལ་འགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲང་ཡུག་ཞ་ཡིས་བཅོས་སྒྱུར་ལས་འགན་དངོས་འབེབས་བྱེད་པར་རེ་བ་བཏོན། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།