ཀྲུང་གོ་བོད་ཀྱི་དྲ་བ།

ཞི་ཅིན་ཕིན་གྱིས་རྟེན་འབྲེལ་ཞུ་ཡིག་སྐུར་ཡོང་ནས།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་བར་སྣང་མཉམ་ལས་རྩ་འཛུགས་ཚུགས་ནས་ལོ་བཅུ་འགོར་བའི་རྟེན་འབྲེལ་གྱི་སེམས་འདུན་མཚོན་པར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོ་བར་སྣང་མཉམ་འབྲེལ་རྩ་འཛུགས་བཙུགས་ནས་ལོ་བཅུ་འགོར་བའི་ལོ་ཚོགས་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་པེ་ཅིན་ནས་ཚོགས།རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིན་གྱིས་རྟེན་འབྲེལ་ཞུ་ཡིག་སྐུར་ཡོང་ནས།ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་མོའི་བར་སྣང་མཉམ་ལས་རྩ་འཛུགས་ཚུགས་ནས་ལོ་བཅུ་འགོར་བའི་རྟེན་འབྲེལ་གྱི་སེམས་འདུན་མཚོན་པར་བྱས།

ཞི་ཅིན་ཕིན་གྱིས་བསྟན་དོན། ཕྱི་རིམ་བར་སྣང་ནི་མིའི་རིགས་ཀྱི་ཐུན་མོང་གི་རྒྱུ་ནོར་ཡིན་ལ།དེ་གསར་སྤེལ་དང་འཚོལ་ཞིབ། ཞི་བདེའི་བཀོལ་སྤྱོད་བྱེད་པ་ནི་མིའི་རིགས་ཀྱི་ཐུན་མོང་གི་སྙེག་བྱ་ཡིན། ཀྲུང་གོས་རྒྱལ་ཁབ་སོ་སོ་ལ་མཉམ་དུ་མིའི་རིགས་ཀྱི་ལས་དབང་ཐུན་མོང་ཚོགས་པ་འཛུགས་པའི་སྐུལ་འདེད་བྱེད་ཀྱིན་ཡོད། ཕན་ཚུན་འདྲ་མཉམ་གཉིས་ཕན་དང་ཞི་བདེ་བེད་སྤྱོད།བཟོད་སྒོམ་འཕེལ་རྒྱས་བཅས་རྒྱུན་འཁྱོངས་བྱེད་པའི་རྨང་གཞིའི་སྟེང་ནས། ཕྱི་རིམ་བར་སྣང་གི་ཁྱབ་ཁོངས་གསར་སྤེལ་བྱེད་པར་རྒྱལ་སྤྱིའི་ཁྱབ་ཁོངས་ནས་བརྗེ་རེས་གཏིང་ཟབ་བྱེད་དགོས་ཟེར། ཀྲུང་གོས་རྣམ་ཀུན་ལུགས་མཐུན་གྱིས་གསར་སྤེལ་དང་། བར་སྣང་ཐུན་ཁུངས་བེད་སྤྱོད། བར་སྣང་ཁོར་ཡུག་སྲུང་སྐྱོབ་བཅས་བྱས་ཏེ། འཁའ་བསྐྱོད་བྱ་གཞག་གིས་མིའི་རིགས་ལ་བདེ་སྐྱིད་བསྐྲུན་པར་སྐུལ་འདེད་བྱེད་ཀྱིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།