ཀྲུང་གོ་བོད་ཀྱི་དྲ་བ།

ལིས་ཁི་ཆང་གིས་རྒྱལ་ཡོངས་ཀྱི་དགུན་དཔྱིད་དུས་ཀྱི་ཞིང་སའི་ཆུ་བེད་འཛུགས་སྐྲུན་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཐད་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-15
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱལ་ཡོངས་ཀྱི་དགུན་དཔྱིད་དུས་ཀྱི་ཆུ་བེད་འཛུགས་སྐྲུན་བྱེད་པའི་བརྙན་འཕྲིན་ཁ་པར་གྲོས་ཚོགས་ཟླ་བཅུ་གཅིག་པའི་ཚེས་བཅུ་བཞི་ཉིན་པེ་ཅིན་ནས་ཚོགས། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལིས་ཁི་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་། 

མཆན་བཀོད་མཛུབ་སྟོན་ནང་། ཞིང་སའི་ཆུ་བེད་འཛུགས་སྐྲུན་ལ་ཤུགས་སྣོན་པ་ནི་རྒྱལ་ཁབ་ཀྱི་འབྲུ་རིགས་བདེ་འཇགས་ལ་འགན་སྲུང་བྱེད་པ་དང་། དེང་རབས་ཞིང་ལས་འཕེལ་རྒྱས་སུ་གཏོང་བར་སྐུལ་འདེད་གཏོང་བའི་བྱེད་ཐབས་གལ་ཆེན་ཡིན་པས། ས་ཁུལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་སོ་སོས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དགོངས་པ་མཛུབ་ཁྲིད་དུ་བྱེད་པ་དང་། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཇུས་ཆོད་བཀོད་སྒྲིག་ལག་ལེན་མཐར་ཕྱིན་བྱེད་པ། ཞིང་སྡེ་དར་སྤེལ་འཐབ་ཇུས་ལག་བསྟར་བྱེད་པར་དམིགས་པ། ཞན་ཆ་ཁ་གསབ་བྱེད་པའི་ཁྱབ་ཁོངས་ཀྱི་ཕན་ཡོད་དངུལ་གཏོང་ལ་སྐུལ་འདེད་གཏོང་བ་དང་ཟུང་འབྲེལ་བྱས་ནས། འཆར་འགོད་དང་གྲུབ་ཚུལ་ལ་ཤུགས་སྣོན་པ་དང་། གནོད་སྐྱོབ་གནོད་འགོག་གི་ནུས་པ་མཐོར་འདེགས་བྱས་ནས། ཞིང་སའི་ཆུ་བེད་བཟོ་སྐྲུན་ཆེན་པོ་འཛུགས་སྐྲུན་བྱེད་དགོས། རིམ་པ་སོ་སོའི་སྲིད་གཞུང་གི་འགན་འཁྲི་གཏན་ཁེལ་གསལ་བོ་བྱེད་པ་དང་། འབྲེལ་ཡོད་བཅོས་བསྒྱུར་གཏིང་ཟབ་ཏུ་སྤེལ་ནས། གཅིག་བསྡུས་གཅིག་གྱུར་དང་ཕན་འབྲས་མཐོ་བའི་ཞིང་ས་འཛུགས་སྐྲུན་དང་དོ་དམ་སྒྲིག་གཞི་མྱུར་དུ་འཛུགས་སྐྲུན་བྱེད་དགོས། དངུལ་གཏོང་གཏན་འཇགས་ངང་འཕར་སྣོན་བྱེད་པའི་རྐྱེན་སྲོལ་འཛུགས་པ་དང་། འཛུགས་སྐྲུན་མ་དངུལ་འགོ་ཁུངས་ནས་མཉམ་བསྲེས་བྱེད་པར་ཤུགས་སྣོན་པ། སྤྱི་ཚོགས་མ་དངུལ་ནང་འདྲེན་བྱེད་པ། ཐབས་བརྒྱ་ཇུས་སྟོང་གིས་རྒྱ་ཆེའི་ཞིང་བ་རྣམས་ཞིང་སའི་ཆུ་བེད་འཛུགས་སྐྲུན་དང་ཉིན་རྒྱུན་གྱི་དོ་དམ་སྲུང་སྐྱོབ་ཁྲོད་ཞུགས་པའི་བརྩོན་སེམས་ཆེར་སྐྱེད་དེ། རང་རྒྱལ་གྱི་ཞིང་ལས་ཐོན་སྐྱེད་ནུས་པའི་རྨང་གཞི་ཇེ་བརྟན་དུ་གཏོང་བ་དང་འབྲུ་རིགས་བདེ་འཇགས་དང་ཞིང་ལས་ཐོན་རྫས་གཙོ་བོའི་མཁོ་འདོན་ལ་འགན་སྲུང་བྱེད་པ། ཞིང་བའི་ཡོང་སྒོ་ཁ་སྣོན་དང་ཞིང་སྡེ་དེང་རབས་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ཐད་བྱས་རྗེས་གསར་བ་འཇོག་དགོས་ཞེས་བསྟན་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།