ཀྲུང་གོ་བོད་ཀྱི་དྲ་བ།

ཝང་ཆི་ཧྲན་གྱིས་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་མ་སི་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

129992887_15420946625611n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་གཞོན་པ་ཝང་ཆི་ཧྲན་གྱིས་མི་དམངས་ཚོགས་ཁང་ཆེན་མོའི་ནང་འཇར་མན་གྱི་ཕྱི་འབྲེལ་པུའུ་ཀྲང་མ་སི་ལ་མཇལ་འཕྲད་གནང་།

ཝང་ཆི་ཧྲན་གྱིས་གསུངས་རྒྱུར། ཀྲུང་གོ་དང་འཇར་མན་བར་དུ་ཕྱི་ཕྱོགས་འབྲེལ་བ་བཙུགས་ནས་ལོ་ཞེ་དྲུག་གི་རིང་ལ། ཕྱོགས་གཉིས་ཀྱི་མཉམ་ལས་དེ་སྔོན་ལ་བྱུང་མ་མྱུང་བའི་ཆུ་ཚད་ལ་སླེབས་པ་དང་ཆབ་སྲིད་དང་དཔལ་འབྱོར་ཉོ་ཚོང་། མི་གཞུང་སོགས་ཁྱབ་ཁོངས་ཀྱི་དངོས་གཉེར་མཉམ་ལས་ཐད་ནས་གཡུར་དུ་ཟ་བའི་གྲུབ་འབྲས་ཐོབ། ཉིས་སྟོང་བཅུ་བཞི་ལོར་ཀྲུའུ་ཞི་ཞི་ཅིན་ཕིང་གིས་འཇར་མན་ལ་ཐེངས་དང་པོར་རྒྱལ་དོན་འཚམས་འདྲི་བྱས་པ་དེས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་ཁྱོན་ཡོངས་ཀྱི་འཐབ་ཇུས་གྲོགས་པོའི་འབྲེལ་བར་འཕེལ་རྒྱས་སུ་གཏོང་བ་དང་ཀྲུང་གོ་དང་འཇར་མན་མཉམ་ལས་དེ་འཕེལ་རྒྱས་ཀྱི་དུས་སྐབས་གསར་བར་བསླེབ་ཏུ་འཇུག་ངེས་ཡིན། ཀྲུང་གོ་ཕྱོགས་ཀྱིས་འཇར་མན་ཕྱོགས་དང་མཉམ་དུ་ཕན་ཚུན་ལ་བརྩི་འཇོག་བྱེད་པའི་རྨང་གཞིའི་སྟེང་རྒྱུས་ལོན་ཇེ་ཟབ་དང་ཡིད་ཆེས་ཇེ་བརྟན་དུ་གཏོང་བ་དང་། འཕེལ་རྒྱས་འཐབ་ཇུས་འབྲེལ་མཐུད་ལ་ཤུགས་བསྣན་ནས། ཆུ་ཚད་སྔར་ལས་མཐོ་བའི་ཁྱད་སྟོབས་ཁ་གསབ་དང་མཉམ་ལས་མཉམ་རྒྱལ་མངོན་འགྱུར་བྱེད་འདོད་ཡོད་ཟེར།

མ་སི་ཡིས་བཤད་རྒྱུར། ཐེངས་འདིའི་འཚམས་འདྲི་བརྒྱུད་དེ་འཇར་མན་དང་ཀྲུང་གོའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། དེང་སྐབས་མདུན་དུ་ལྷགས་པའི་འཛམ་གླིང་རང་བཞིན་གྱི་འགྲན་རྩོད་སྣ་ཚོགས་ལ་མཉམ་དུ་ཁ་གཏད་འཇལ་དགོས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།