ཀྲུང་གོ་བོད་ཀྱི་དྲ་བ།

ཧན་ཀྲིན་གྱིས་གསར་སྤེལ་དངུལ་ཁང་གསར་བའི་འགོ་གཙོ་ཁ་མ་ཐི་སོགས་ལ་མཇལ་འཕྲད་གནང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

1123707907_15421070235111n.jpg

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་བཅུ་གཅིག་པའི་ཚེས་བཅུ་གསུམ་ཉིན། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུའུ་ཡི་རྒྱུན་ལས་ཨུ་ཡོན། རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་གཞོན་པ་ཧན་ཀྲིན་གྱིས་ཀྲུང་ནན་ཧེ་ཙི་ཀོང་ཀི་ནས་གསར་སྤེལ་དངུལ་ཁང་གསར་བའི་འགོ་གཙོ་ཁ་མ་ཐི་སོགས་ལ་མཇལ་འཕྲད་གནང་།

ཧན་ཀྲིན་གྱིས་གསུངས་རྒྱུར། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་འགྲེམ་སྟོན་འདུ་ཚོགས་སྐབས་དང་པོའི་སྟེང་ཀྲུང་གོས་བཅོས་སྒྱུར་ཟབ་སྤེལ་དང་སྒོ་འབྱེད་རྒྱ་བསྐྱེད་པའི་བྱེད་ཐབས་གསར་བ་རབ་དང་རིམ་པ་ཁྱབ་སྒྲོག་བྱས་པ་དེ་ལས་ཀྲུང་གོས་འཛམ་གླིང་ཡོངས་ལ་སྒོ་འབྱེད་པའི་ཆོད་སེམས་བརྟན་པོ་མཚོན་པར་བྱས་ཡོད་པས། གསར་སྤེལ་དངུལ་ཁང་གསར་བས་ཧུར་ཐག་སྒོས་ཀྲུང་གོའི་བཅོས་སྒྱུར་སྒོ་འབྱེད་ཀྱི་འཕེལ་རིམ་ལ་རྒྱབ་སྐྱོར་བྱེད་པ་དང་དེའི་ཁྲོད་དུ་ཞུགས་དགོས། གསར་སྤེལ་དངུལ་ཁང་གསར་བ་བཙུགས་པའི་ཚུན་ལ། སྒྲིག་ཡིག་འཛུགས་པ་དང་ལམ་ལུགས་གཏན་འཁེལ་བྱེད་པ་དང་ལས་སྒོ་བདག་གཉེར་སོགས་ཀྱི་ཕྱོགས་སུ་འཕེལ་རྒྱས་ཆེན་པོ་བྱུང་བས་ང་ཚོས་དེ་ལ་རྟེན་འབྲེལ་ཞུས་པ་ཡིན། ཀྲུང་གོ་ཕྱོགས་ཀྱིས་གསར་སྤེལ་དངུལ་ཁང་གསར་བ་དང་མཉམ་དུ་དངོས་གཉེར་མཉམ་ལས་གཏིང་ཟབ་ཏུ་སྤེལ་བ་དང་། སྔོན་ཆད་དང་འདྲ་བར་གསར་སྤེལ་དངུལ་ཁང་གསར་བས་ལས་སྒོ་སྤེལ་བར་རྒྱབ་སྐྱོར་འདོན་སྤྲོད་བྱེད་འདོད་ཡོད་ཟེར།

ཁ་མ་ཐི་ཡིས་བཤད་རྒྱུར། ཀྲུང་གོ་སྲིད་གཞུང་གིས་གསར་སྤེལ་དངུལ་ཁང་གསར་བའི་འཛུགས་སྐྲུན་དང་བདག་གཉེར་ཕྱོགས་སུ་རྒྱབ་སྐྱོར་འདོན་སྤྲོད་བྱས་པར་བཀའ་དྲིན་ཆེ་ཞུས་པ་ཡིན། གསར་སྤེལ་དངུལ་ཁང་གསར་བས་མུ་མཐུད་དུ་ཀྲུང་གོ་ཕྱོགས་དང་མཉམ་ལས་ཆེན་པོ་བྱས་ནས། གསེར་གྱོམ་རྒྱལ་ཁབ་དང་རྒྱ་ཆེའི་འཕེལ་རྒྱས་སུ་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་འཕེལ་རྒྱས་ཐད་ལ་ནུས་པ་ཆེན་པོ་འདོན་འདོད་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།